ཐོས་པའི་ལམ་གྱི་སློབ་གྲོགས་ལྷན་འཛོམས།

ཐོས་པའི་ལམ་གྱི་སློབ་གྲོགས་ལྷན་འཛོམས།

     སྤྱི་ལོ་༢༠༢༠ལོའི་ཟླ་དགུ་བའི་ཚེས་དྲུག་ཉིན་༧མཐོ་ལས་དགོན་པའི་མཚན་ཉིད་གྲྭ་ཚང་དུ་ཐོས་བསམ་སློབ་གཉེར་གནང་བཞིན་པའི་༧གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་གླིང་གི་མཐར་ཕྱིན་སློབ་མ་དག་མཉམ་དུ་འཛོམས་འདུག་ལ།  ཐེངས་འདིར་རང་རེའི་སློབ་གླིང་གི་སྐབས་དགུ་བའི་མཐར་ཕྱིན་སློབ་མ་ད་ལྟ་དབུ་མ་རྙིང་བའི་འཛིན་གྲྭར་གསན་བསམ་གནང་བཞིན་པའི་ཚོགས་གཙོ་ཀ་རྒྱ་བློ་བཟང་ལགས་དང་།  སྐབས་བཅོ་ལྔ་བའི་མཐར་ཕྱིན་སློབ་མ་འབོ་ར་བསོད་ནམས། སྐབས་བཅུ་དྲུག་པའི་མཐར་ཕྱིན་སློབ་མ་ཁྲི་ཀ་དགེ་འདུན་ཡེ་ཤེས། སྐབས་བཅུ་བདུན་པའི་མཐར་ཕྱིན་སློབ་མ་བློ་བཟང་འཕགས་པ་བཅས་ཀྱི་དབུ་ཁྲིད་འོག་མཐོ་ལས་དགོན་གྱི་ཞིབ་འཇུག་གླིང་དུ་ལྷན་འཛོམས་བྱུང་། འདིར་དགེ་འདུན་པ་བཅོ་ལྔ་ཙམ་འདུས་ཤིང་འཛིན་གྲྭ་རྒན་ཤོས་ནི་དབུ་མ་རྙིང་བ་དང་།  འཛིན་གྲྭ་གཞོན་ཤོས་ནི་བསྡུས་ཆུང་འཛིན་གྲྭ་རེད། རང་རེའི་སློབ་གླིང་གི་མཐར་ཕྱིན་སྐབས་དགུ་བ་ནས་སྐབས་ཉེར་གསུམ་པའི་བར་གྱི་འཛིན་གྲྭ་དགུ་ཙམ་གྱི་སློབ་གྲོགས་འཛོམས་འདུག 

      མདོ་སྨད་མཐོ་ལས་དགོན་༧མཚན་ཉིད་གྲྭ་ཚང་དཔལ་ལྡན་བཀྲ་ཤིས་སྒོ་མང་རྨད་བྱུང་ཐོས་བསམ་དར་རྒྱས་གླིང་ན་སློབ་གཉེར་བྱེད་བཞིན་པའི་༧གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མའི་ལྷན་འཛོམས་སྐབས་དང་བོའི་ནང་དོན་མདོར་བསྡུས་ཙམ་ཞུས་ན། ང་ཚོ་འདིར་འཛོམས་དོན་ནི་སློབ་གྲོགས་ཕན་ཚུན་ངོ་ཤེས་བྱེད་པ་དང་། ཟ་མ་གང་ཞིམ་དང་གཏམ་གང་ཡག་བཤད་ནས་འདུག་རྒྱུ་ཙམ་མ་ཡིན་པར་རང་སློབ་གྲྭའི་དགེ་རྒན་རྣམ་པའི་བཀའ་དྲིན་དྲན་པའི་སྒོ་ནས་མ་ཡུམ་སློབ་གླིང་དང་འབྲེལ་ཏེ་སློབ་གསོའི་བྱ་བར་རམ་འདེགས་ཅི་ལྟར་བྱེད་པ་བཅས་སློབ་གྲྭའི་འདས་མ་མ་ད་གསུམ་གྱི་ཐད་ནས་བགྲོ་གླེང་བྱས་པ་དང་། རང་ཉིད་ཀྱིས་སློབ་སྦྱོང་བྱ་བར་ཆུ་ཚོད་འཕྲོ་བརླག་ཏུ་མི་གཏོང་བ་དང། གཞན་དགོན་འདིའི་སྒྲིག་ལམ་བརྩི་སྲུང་དང་རང་འཛིན་གྲྭའི་ཁྲོད་ནས་ཡ་རབས་སྤྱོད་བཟང་དཔེ་ཆ་བར་སློབ་སྦྱོང་བྱས་ཏེ་མཐར་རང་ཉིད་དཔེ་ཆ་བར་འགྱུར་དགོས་པར་རང་གིས་རང་ལ་སྐུལ་མ་དང་།  དགོན་འདིའི་༧མཁན་པོ་དང་བླ་མ་དགེ་བའི་བཤེས་གཉེན་དག་གི་གསུང་བརྩིས་ཏེ་སློབ་སྦྱོང་མཐའ་འཁྱོངས་པ་བྱེད་པ་སོགས་ཀྱི་གླེང་མོལ་དང་། མདོར་ན་ཕན་ཚུན་བར་དྲོལ་ཁོལ་ལྡན་པའི་གསུང་གླེང་མང་བོ་བྱས་མཐར་སྐབས་དང་བོའི་སློབ་གྲོགས་ལྷན་འཛོམས་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་ནས་སོ་སོར་གྱེས།  བཀྲ་ཤིས་བདེ་ལེགས།

གསར་འགོད་པ།  བཀྲ་ཤིས།   


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-09-07 ལྟ་ཀློག (4845)