མཚོ་སྔོན་ཞིང་ཆེན་གྱི་དར་མའི་མཐོ་རྒྱུགས་ལ་མིང་ཐོ་འགོད་འགོ་ཚུགས།

མཚོ་སྔོན་ཞིང་ཆེན་གྱི་དར་མའི་མཐོ་རྒྱུགས་ལ་མིང་ཐོ་འགོད་འགོ་ཚུགས།

      གསལ་འདེབས་གལ་ཆེན། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་རྒྱུགས་ལེན་དྲ་བ།(www.qhjyks.com)ནི་རང་ཞིང་གི་དར་མའི་མཐོ་རྒྱུགས་དང་རང་སྦྱོང་རྒྱུགས་ལེན་ལ་མིང་ཐོ་འགོད་པའི་གཞུང་ཕྱོགས་ཀྱི་དྲ་ཚིགས་གཅིག་པུ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་སློབ་བསྡུའི་རྒྱུགས་ལེན(qhjyzsks)ནི་གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་རྟགས་གཅིག་པུ་ཡིན་པས། རྒྱ་ཆེའི་རྒྱུགས་ཞུགས་སློབ་མས་ཚད་ལྡན་གྱི་ཐབས་ལམ་བརྒྱུད་དེ་རྒྱུས་ལོན་དང་རྒྱུགས་ལེན་མིང་ཐོ་འགོད་པའི་སྲིད་ཇུས་དང་ཆ་འཕྲིན་གཏན་འཁེལ་གནང་རོགས། གཞུང་ཕྱོགས་མིན་པའི་ལམ་ནས་ཁྱབ་སྒྲོག་བྱས་པའི་ཆ་འཕྲིན་ལ་ཡིད་ཆེས་བྱ་མི་རུང་།

 མཚོ་སྔོན་སློབ་ཆེན་གྱི་རྒྱུན་མཐུད་སློབ་གསོའི་སློབ་གླིང་གི་སློབ་བསྡུའི་བློ་འདྲིའི་ཁ་པར།


0971-6141552  0971-6152692

0971-6136176  0971-6127650 

0971-8083585

 སློབ་གྲྭའི་མིང་། མཚོ་སྔོན་སློབ་ཆེན།

 སློབ་གྲྭའི་ཨང་རྟགས།10743

གཅིག དུས་ཚོད་བཀོད་སྒྲིག 

  ཆ་འཕྲིན་རེའུ་མིག་འགོད་པའི་དུས་ཚོད། 2020ལོའི་ཟླ9པའི་ཚེས1ཉིན་གྱི་ཆུ་ཚོད9ནས་ཟླ9པའི་ཚེས7ཉིན་གྱི་ཆུ་ཚོད12བར།

  གཏན་འཁེལ་དུས་ཚོད། 2020ལོའི་ཟླ9པའི་ཚེས2ཉིན་གྱི་ཆུ་ཚོད9ནས་ཟླ9པའི་ཚེས8ཉིན་གྱི་ཆུ་ཚོད18བར(གཟའ་མཇུག་ཚུད་ཡོད། ཉིན་རེའི་ལས་ཀའི་དུས་ཚོད། )

  དྲ་ཐོག་ནས་ཐོ་འགོད་དངུལ་སྤྲོད་པའི་དུས་ཚོད། 2020ལོའི་ཟླ9པའི་ཚེས2ཉིན་གྱི་ཆུ་ཚོད9ནས་ཟླ9པའི་ཚེས9ཉིན་གྱི་ཆུ་ཚོད18བར།

  རྒྱུགས་ཁུལ་གྱི་རྟིང་བཤེར་དུས་ཚོད། 2020ལོའི་ཟླ9པའི་ཚེས2ཉིན་ནས་ཟླ9པའི་ཚེས11ཉིན་བར།

  རྒྱུགས་ལེན་དུས་ཚོད། 2020ལོའི་ཟླ10པའི་ཚེས24ཉིན་ནས་ཟླ10པའི་ཚེས25ཉིན་བར།

 གཉིས། དྲ་ཐོག་ཆ་འཕྲིན་རེའུ་མིག་འགོད་པ།

 རྒྱུགས་སྤྲོད་སློབ་མས་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་རྒྱུགས་ལེན་དྲ་བར་ཐོ་འགོད་བྱས་ཏེ།(www.qhjyks.com)གཞི་གྲངས་རྒྱུགས་ལེན་ཞབས་ཞུའི་ཚོམས་ཆེན་ནང་གི“དར་མའི་རྒྱུགས་སྤྲོད་མིང་ཐོ་འགོད་པ”མནན་ནས་རྒྱུགས་སྤྲོད་སློབ་མའི་ཐོ་འགོད་ལས་སྟེགས་སུ་འཛུལ་ཆོག


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-09-01 ལྟ་ཀློག (3608)