ལྷ་སའི་གླིང་གི་སློབ་གྲོགས་ལྷན་འཛོམས།

ལྷ་སའི་གླིང་གི་སློབ་གྲོགས་ལྷན་འཛོམས།

    ༢༠༢༠ལོའི་ཟླ༨པའི་ཚེས༢༣ཉིན་དབུས་ཉི་མ་ལྷ་ས་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་ཀྱི་ལྷ་ས་ན་སློབ་གཉེར་དང་བྱ་བ་གཉེར་བཞིན་པའི་མཐར་ཕྱིན་དང་མ་ཕྱིན་པའི་སློབ་མ་དག་མཉམ་འཛོམས་སྐབས་གསུམ་པ་ལྷ་སའི་གཡུ་འབྲུག་འོད་ཟེར་བོད་ཟས་གླིང་དུ་སྐབས་བཅུ་དགུ་བའི་སློབ་བུ་ཚེ་བརྟན་དང་ཀུན་དགའ་སོགས་ཀྱིས་དབུ་ཁྲིད་ནས་མཉམ་དུ་འཚོགས། ཐེངས་འདིར་སློབ་གྲོགས་བཅོ་ལྔ་ཙམ་མཉམ་དུ་འཛོམས་ཐུབ་འདུག

     ཐེངས་འདིའི་ལྷན་འཛོམས་ཐོག་སློབ་གྲོགས་སོ་སོས་མཐར་ཕྱིན་རྗེས་ཀྱི་སྤྱི་ཚོགས་ཉམས་མྱོང་དང་ད་སྔའི་བརྒྱུད་རིམ། མ་འོངས་པའི་འཆར་གཞི་སོགས་བགྲོ་གླེང་བྱས་ཤིང་གླུ་དབྱངས་བདུང་ལེན་སོགས་རིག་རྩལ་དང་རྩེད་མོ་སྣ་ཚོགས་ཀྱིས་ཐེངས་འདིའི་ལྷན་འཛོམས་སྤྲོ་བ་འབུམ་གྱིས་བསུ་མ་བྱས།

     མཇུག་མཐར་དབུ་འཛིན་སློབ་གྲོགས་ཚོས་སང་ལོའི་མཉམ་འཛོམས་ཀྱི་འཆར་གཞིའི་སྐོར་ནས་གསུང་བཤད་གནངས་ཤིང་ད་ལོའི་ལྷན་འཛོམས་འགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་བསྡུས་སོ།།

གསར་འགོད་པ། ལི་ཐང་ཕུན་ཚོགས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-08-23 ལྟ་ཀློག (4633)