ལོ་ངོ་བཅོ་ལྔའི་རིང་རྒྱུན་བསྐྱངས་པའི་གསབ་སྦྱོང་ཞིག

ལོ་ངོ་བཅོ་ལྔའི་རིང་རྒྱུན་བསྐྱངས་པའི་གསབ་སྦྱོང་ཞིག  


   2020ལོའི་ཟླ8པའི་ཚེས19ཉིན།  རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་ལྟེ་གནས་ཀྱི་སྐབས་ཉེར་བདུན་པའི་ཉིན་ཉི་ཤུའི་གསབ་སྦྱོང་གི་འཚོ་བ་མཇུག་སྒྲིལ། རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་རྩེ་རོང་ཆོས་མཆོག་སོགས་གཙོས་ས་གནས་ཀྱི་སློབ་ཆེན་སློབ་མས་རོགས་སྒྲུབ་འོག་སྤྱི་ལོ་ཉིས་སྟོང་དྲུག་ལོ་ནས་བཟུང་བཙུགས་ཏེ་ད་ལྟའི་བར་འཛིན་གྲྭ་དགུ་བཅུ་གོ་དྲུག་བསྒྲུབས་ཤིང་སློབ་མ་སུམ་སྟོང་བརྒྱ་མེད་བཅུ་བཞི་བསྐྱངས་པས་རང་རྫོང་དང་རྫོང་གཞན་གྱི་ཁྱིམ་བདག་དང་སློབ་མ་མི་ཉུང་བ་ཞིག་གིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།  དེ་བས་ཐེངས་འདིར་ཡང་རྩེ་ཁོག་ཐོན་མིའི་སློབ་ཚོགས་ཀྱིས་ཚོགས་མི་རྡོ་བ་གངས་རྒྱན་གསབ་སྦྱོང་དགེ་རྒན་དུ་མངགས་ཏེ་གསབ་སྦྱོང་ལ་རྒྱབ་སྐྱོར་བྱས་པར་མ་ཟད། དམངས་སྒོར་སྟོང་གཅིག་དྲུག་བརྒྱ་ལྷག་གི་འགྲོ་སོང་བཏང་སྟེ་དགེ་རྒན་རྣམ་པ་དང་རྒྱུགས་འབྲས་ཕུལ་བྱུང་སློབ་མ། ཕ་སྐད་གཙང་མའི་བྱ་དགའ་དང་ཀུན་སྤྱོད་བྱ་དགའ་སོགས་གནང་མཐར་མཇུག་བསྡུས།


སྐབས་ཉེར་བདུན་པའི་གསབ་སྦྱོང་འཛིན་གྲྭའི་དགེ་སློབ་ཡོངས་ཀྱི་མཉམ་པར། 


རྩེ་ཁོག་ཐོན་མིའི་སློབ་ཚོགས་ཀྱིས་རྒྱུགས་འབྲས་ཕུལ་བྱུང་སློབ་མ་རྣམས་ལ་བྱ་དགའ་སྟེར་བ། 


སྦྱང་འབྲས་ཕུལ་བྱུང་སློབ་མ་རྣམས་ཀྱི་མཉམ་པར། 


དངོས་མིང་།  བློ་བཟང་དཔལ་ལྡན།   པིར་མིང་།   རོང་སྨྱུག་རྩེན།   

ལས་རིགས།  གསབ་སྦྱོང་འཛིན་གྲྭའི་རྐང་འཛིན་དགེ་རྒན།  བུ་རྒུ་དགོན་པའི་སློབ་གྲྭའི་དགེ་རྒན། གངས་ཆབ་གསེར་ཟམ་གཙོ་སྒྲིག་པ།

 མི་ལོ་མང་བོར་ལྷག་བསམ་དཀར་པོ་དང་ཁ་ཞེ་གཉིས་མེད་ཀྱིས་ཕ་ཡུལ་གྱི་སློབ་གསོ་དང་ན་ཆུང་བྱིས་པའི་མདུན་ལམ་ལ་ཧུར་ཐག་འབད་བརྩོན་བྱས།
 


དངོས་མིང།  ལྕགས་ཐར་འབུམ།  དྲ་མིང་།   ཨ་ལྕགས།    
ལས་རིགས།   གསབ་སྦྱོང་འཛིན་གྲྭའི་རྐང་འཛིན་དགེ་རྒན།   
ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་རབ་འབྱམས་ཞིབ་འཇུག་སློབ་མ། 
མི་ལོ་མང་བོར་ལྷག་བསམ་དཀར་པོ་དང་ཁ་ཞེ་གཉིས་མེད་ཀྱིས་ཕ་ཡུལ་གྱི་སློབ་གསོ་དང་ན་ཆུང་བྱིས་པའི་མདུན་ལམ་ལ་ཧུར་ཐག་འབད་བརྩོན་བྱས།
 

གསར་འགོད་པ།  རྡོ་བ་གངས་རྒྱན། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2020-08-22 ལྟ་ཀློག (5407)