ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྨ་ལྷོ་སོག་རྫོང་ཕྱོགས་སུ་ཕེབས་པའི་མཛད་རྣམ།

ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྨ་ལྷོ་སོག་རྫོང་ཕྱོགས་སུ་ཕེབས་པའི་མཛད་རྣམ།


  རྨ་ལྷོ་སོག་རྫོང་མུན་སེལ་སྒྲོལ་མའི་སློབ་གྲྭས་གདན་འདྲེན་ཞུས་པ་བཞིན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་སྤྱི་ལོ་༢༠༢༠་ལོའི་ཟླ་བརྒྱད་པའི་ཚེས་བཞིའི་ཉིན་སོག་རྫོང་དུ་ཕེབས་ཏེ། སྔ་དྲོར་དད་ལྡན་མང་ཚོགས་རྣམས་ལ་གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་བཤགས་བྱེད་ཚུལ་ཁྲིད་ཅིང་གཟུངས་སྔགས་མང་བོའི་ལུང་གནང་། ཉིན་གུང་ལོ་བརྒྱད་ཅུའི་ཡན་གྱི་ལོ་ལོན་བགྲེས་སོང་ལྔ་བཅུ་ལྷག་གི་བརྒྱད་ཅུའི་གྱ་སྟོན་ཆེན་མོར་ཞུགས་ཏེ་སོ་སོར་ཟངས་ཀྱི་རྟགས་མ་ཕུལ། ཕྱི་དྲོར་སྨན་པ་གྲགས་ཅན་རྒན་ཚེ་བཀྲ་ལགས་ཀྱིས་བཙུགས་པའི་སྨན་གྱི་བཟོ་གྲྭ་དང་གསོ་རིག་སློབ་གྲྭར་གཟིགས་ཞིབ་གནང་། ཚེས་དྲུག་གི་སྔ་དྲོར་མུན་སེལ་སྒྲོལ་མའི་སློབ་གྲྭའི་སློབ་མ་རྒན་བགྲེས་མང་བོར་ནང་ཆོས་སྐོར་གྱི་དྲི་རྒྱུགས་དང་གསུང་བཤད་གནང་། དེ་ནས་ཀླུ་ཆུ་རྫོང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་གདན་འདྲེན་ཞུས་པ་བཞིན་ཀླུ་ཆུའི་རྫས་ཚར་ཕེབས། ཚེས་དྲུག་གི་སྔ་དྲོར་རྫས་ཚའི་མི་དམངས་ཡོངས་ལ་ནང་ཆོས་ཀྱི་ལོ་རྒྱུས་དང་འབྲེལ་ནས་ལས་འབྲས་ཀྱི་རྣམ་བཞག་དང་། ཁོར་ཡུག་སྲུང་སྐྱོབ། སྐད་ཡིག་སློབ་གསོ་སོགས་ཀྱི་སྐོར་ནས་བསླབ་སྟོན་ཟབ་མོ་གནང་།མཇུག་ཏུ་དགའ་ལྡན་ལྷ་བརྒྱ་མ་སོགས་བཀླག་ལུང་ཡང་མང་བོ་བསྩལ།

གཉེན་པོ་སྟོབས་བཞིའི་ཆོས་ཁྲིད།

བརྒྱད་ཅུའི་གྱ་སྟོན་ཆེན་མོ།

 རྫས་ཚའི་སློབ་གསོ། 

སྨན་པ་གྲགས་ཅན་རྒན་ཚེ་བཀྲ་ལགས་ཀྱིས་བཙུགས་པའི་སྨན་གྱི་བཟོ་གྲྭ་དང་གསོ་རིག་སློབ་གྲྭར་གཟིགས་ཞིབ་གནང་བ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-08-07 ལྟ་ཀློག (6659)