2020ལོའི་སློབ་ཆེན་སློབ་མ་བསྡུ་བའི་དུས་ཚོད་ཁྱབ་སྒྲོག་བྱས་འདུག

 2020ལོའི་སློབ་ཆེན་སློབ་མ་བསྡུ་བའི་དུས་ཚོད་ཁྱབ་སྒྲོག་བྱས་འདུག

གསར་འགོད་པས་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་གླིང་ནས་རྒྱུས་ལོན་པ་ལྟར་ན། 2020ལོའི་སློབ་ཆེན་སློབ་མ་བསྡུ་བའི་དུས་ཚོད་བཀོད་སྒྲིག་ཁྱབ་སྒྲོག་བྱས་པ་གཤམ་གསལ་ལྟར།

  གཅིག སྔོན་ལ་དངོས་གཞི་སློབ་མ་བསྡུ་བའི་དུས་ཚོད། ཟླ8པའི་ཚེས5—14ཉིན་བར།

  དེའི་ཁྲོད་གཙོ་བོ་སྒྱུ་རྩལ་སློབ་གྲྭ་དང་དངོས་གཞི་འཕར་མ། ལུས་རྩལ་པ། འགན་སྐྱེལ་སློབ་མ།(保送生) ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག དམག་མའི་རུ་ཁག སྤྱི་བདེ། ཁྲིམས་འཛིན་དང་སྤྱི་གཞུང་བདེ་འཇགས་རིགས་ཀྱི་སློབ་གླིང་སོགས་འདུ།

  གཉིས། རྒྱལ་ཁབ་དང་ས་གནས་ཀྱིས་དབུལ་ཕོངས་ས་ཁུལ་ལ་ཁ་གཏད་ནས་སློབ་མ་བསྡུ་བའི་དུས་ཚོད། ཟླ8པའི་ཚེས10—14ཉིན་བར།

  དེའི་ཁྲོད་གཙོ་བོ་རྒྱལ་ཁབ་དང་ས་གནས་ཀྱིས་དབུལ་ཕོངས་ས་ཁུལ་ལ་ཁ་གཏད་ནས་སློབ་མ་བསྡུ་བའི་ཆེད་དམིགས་འཆར་འགོད་དང་། མཚོ་སྔོན་སློབ་ཆེན་གྱིས་ཞིང་སྡེའི་སློབ་མ་བསྡུ་བའི་ཆེད་དམིགས་འཆར་འགོད་བཅས་འདུ།

  གསུམ། དངོས་གཞི་རིམ་པ་དང་པོའི་སློབ་བསྡུའི་དུས་ཚོད། ཟླ8པའི་ཚེས15—25ཉིན་བར།

  དེའི་ཁྲོད་གཙོ་བོ་སྒེར་བཙུགས་སློབ་གླིང་དང་དམངས་སྒྲུབ་སློབ་གླིང་ཕུད་དངོས་གཞི་སློབ་གྲྭ་ཡོངས་དང་མི་རིགས་འཛིན་གྲྭ། མི་རིགས་གྲ་སྒྲིག་འཛིན་གྲྭ། སྐྱེལ་ཁུངས་བོད་ལྗོངས་མ་ཡིན་པའི་བོད་ལྗོངས་སློབ་བསྡུའི་འཆར་འགོད་བཅས་འདུ།

  བཞི། དངོས་གཞི་རིམ་པ་གཉིས་པའི་སློབ་བསྡུའི་དུས་ཚོད། ཟླ8པའི་ཚེས27—ཟླ9པའི་ཚེས1ཉིན་བར།

  དེའི་ཁྲོད་གཙོ་བོ་སྒེར་བཙུགས་སློབ་གླིང་དང་དམངས་སྒྲུབ་སློབ་གླིང་། དེ་མིན་མཉམ་སྒྲུབ་སློབ་གླིང་བཅས་ཀྱི་དངོས་གཞི་སློབ་མ་བསྡུ་བའི་འཆར་འགོད་བཅས་འདུ།

  ལྔ། སྔོན་ལ་ཆེད་སྦྱོང་སློབ་མ་བསྡུ་བའི་དུས་ཚོད། ཟླ9པའི་ཚེས3—6ཉིན་བར།

  དེའི་ཁྲོད་གཙོ་བོ་སྒྱུ་རྩལ་དང་ལུས་རྩལ། སྤྱི་བདེ། མཁའ་འགྲུལ། མཚོ་ཐོག་རིགས་ཀྱི་ཆེད་སྦྱོང་སློབ་གླིང་གིས་སློབ་བསྡུའི་འཆར་འགོད་བཅས་འདུ།

  དྲུག ཆེད་སྦྱོང་སློབ་མ་བསྡུ་བའི་དུས་ཚོད། ཟླ9པའི་ཚེས7—12ཉིན་བར།

  དེའི་ཁྲོད་གཙོ་བོ་དངོས་གཞི་སློབ་གླིང་ཁྲོད་ཀྱི་ཆེད་སྦྱོང་སློབ་མ་བསྡུ་བའི་འཆར་འགོད་དང་། ཞིང་ཆེན་ཕྱི་ནང་གི་ལས་རིགས་ལག་རྩལ་སློབ་གྲྭས་ལོ་ལྔའི་ལམ་ལུགས་ཀྱི་ཆེད་སྦྱོང་སློབ་མ་བསྡུ་བའི་འཆར་འགོད་བཅས་འདུ།

ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-08-05 ལྟ་ཀློག (4582)