རེབ་གོང་མི་རིགས་རིག་གནས་ཕོ་བྲང་གི་སློབ་བསྡུའི་བརྡ་ཡིག

རེབ་གོང་མི་རིགས་རིག་གནས་ཕོ་བྲང་གི་སློབ་བསྡུའི་བརྡ་ཡིག

      རེབ་གོང་མི་རིགས་རིག་གནས་ཕོ་བྲང་བཟོ་རིག་གསོ་སྐྱོང་སློབ་གླིང་ནི་སྤྱི་ལོ༢༠༡༣ལོར་གསར་དུ་བཙུགས་ཤིང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་དགུ་བའི་མཐར་ཕྱིན་སློབ་མ་ལྷ་རིས་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་གཙོ་གཉེར་མཛད་པའི་སྲོལ་རྒྱུན་ལྷ་རིས་སློབ་སྦྱོང་བྱེད་སའི་སྒེར་བཙུགས་སློབ་གྲྭ་ཞིག་ཡིན་ལ། ཞོར་ནས་སུམ་རྟགས་དག་གསུམ་དང་ལོ་རྒྱུས།  བློ་སྦྱོང་གི་སྐོར། རྒྱ་ཡིག་སོགས་སྣོད་ལྡན་གང་གི་དགའ་ཕྱོགས་ལྟར་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཞིག་ཀྱང་ཡིན།

     རེབ་གོང་མི་རིགས་རིག་གནས་ཕོ་བྲང་དང་མཚོ་སྔོན་སྐུ་འབུམ་ལས་རིགས་སློབ་གསོའི་ལྟེ་གནས་གཉིས་ཀྱིས་མཉམ་སྒྲུབ་སྒོས་སློབ་མ་བསྡུ་རྒྱུ་ཡིན་ལ། ད་ལོ་ནས་བཟུང་ངེད་རེབ་གོང་མི་རིགས་རིག་གནས་ཕོ་བྲང་དུ་སྐུ་འབུམ་ལས་རིགས་སློབ་གསོའི་ལྟེ་གནས་ཡན་ལག་སློབ་གྲྭ་ཞེས་པའི་སྒོ་བྱང་དངོས་སུ་བཀལ་ཏེ། སློབ་སྦྱོང་གི་མཁོ་ཆས་དང་མལ་ཁང་སོགས་སློབ་གྲྭས་འགན་འཁུར་གྱིན་ཡོད་ལ། མཐོ་འབྲིང་མཐར་ཕྱིན་གྱི་ལག་རྟགས་གནང་རྒྱུ།   དེ་སྔར་སློབ་གྲྭར་འགྲིམས་མྱོང་བ་དང་སེམས་གཏིང་ནས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་ལྷ་རིས་སྒྱུ་རྩལ་ལ་མོས་པ་ཟབ་པའི་དོན་གཉེར་བ་ཀུན་གྱིས་གཤམ་གྱི་འབྲེལ་ལམ་བརྒྱུད་དེ་རྒྱུས་ལོན་གསལ་བོ་གནང་བར་དགའ་བསུ་ཡོད།


གསལ་བཤད།

     ས་ཁུལ་དང་སྐྱ་སེར་རིས་སུ་མེད་པར་ལོ་བཅུ་དྲུག་ནས་ཉེར་བཞིའི་བར་གྱི་སློབ་མ་ལྔ་བཅུ་ལས་བསྡུ་རྩིས་མེད། མིང་ཐོ་འགོད་པའི་དུས་ཡུན་སྤྱི་ཟླ8 པའི་ཚེས1 ནས་སྤྱི་ཟླ9 བའི་ཚེས1བར་དྲྭ་ལམ་ནས་བཀོད་ན་ཆོག

ས་གནས།  རྨ་ལྷོ་ཁུལ་རེབ་གོང་མི་རིགས་རིག་གནས་ཕོ་བྲང་།
འབྲེལ་གཏུགས་བྱ་ཡུལ།


ཤེས་རབ།        谢热:15722335128
ཙ་སུར་སྦྱིན་པ།   金巴:13893946655
ཚེ་རིང་མཚོ།  才让措:15909732817

གསར་འགོད་པ།   སྨྲ་ཁམས་མཁའ་འགྲོ་རྒྱལ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-08-01 ལྟ་ཀློག (7043)