མཚོ་སྔོན་གྱི་མཐོ་རྒྱུགས་སློབ་བསྡུའི་བརྡ་ཡིག་ཞིབ་འདྲི་བྱེད་སྟངས།

མཚོ་སྔོན་གྱི་མཐོ་རྒྱུགས་སློབ་བསྡུའི་བརྡ་ཡིག་ཞིབ་འདྲི་བྱེད་སྟངས།

       2020ལོའི་མཚོ་སྔོན་གྱི་མཐོ་རྒྱུགས་སློབ་བསྡུའི་བརྡ་ཡིག་ནི། མཚོ་སྔོན་གྱི་མཐོ་རྒྱུགས་ཀྱི་རིམ་པ་སོ་སོའི་སློབ་བསྡུའི་བྱ་བ་མཇུག་སྒྲིལ་རྗེས། ཟླ8པའི་ཟླ་སྨད་ནས་བཟུང་སྦྲག་སྲིདEMSལམ་ནས་སློབ་བསྡུའི་བརྡ་ཡིག་བསྐུར་རྒྱུ་ཡིན་ཞིང་། མཐོ་རྒྱུགས་ལ་ཞུགས་ཟིན་པའི་སློབ་མ་རྣམས་ཀྱིས་སྦྲག་སྲིད་དྲ་ཚིགས【中国邮政速递物流EMS】དང་ཡང་ན་སྐད་འཕྲིན་སྤྱི་སྟེགས་སྟེང་རྒྱུགས་སྤྲོད་འཛིན་ཡིག་ཨང་རྟགས་ཐོ་འགོད་བྱས་རྗེས་རང་གི་སློབ་བསྡུའི་བརྡ་ཡིག་གི་ཆ་འཕྲིན་ལ་ཞིབ་འདྲི་བྱ་ཆོག

གསལ་འདེབས། གལ་ཏེ་སྦྲག་སྲིད་དྲ་ཚིགས་ལས་ཆ་འཕྲིན་ཞིབ་འདྲི་མ་ཐུབ་ཚེ། སློབ་བསྡུ་སྡེ་ཁག་གིས་རྒྱུགས་སྤྲོད་འཛིན་ཡིག་གི་ཨང་རྟགས་འདོན་སྤྲོད་བྱས་མེད་པ་ཡིན་སྲིད་པས། ཁྱེད་ཀྱིས་སློབ་བསྡུའི་སྡེ་ཁག་ལ་བློ་འདྲི་བྱས་ཏེ། སྦྲག་སྲིད་ཨང་གྲངས་ལག་སོན་བྱུང་རྗེས་སྦྲག་སྲིད་དྲ་ཚིགས་ནས་ཞིབ་འདྲི་བྱ་ཆོག


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-07-27 ལྟ་ཀློག (4646)