གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།

       2020.07.11ཉིན་གྱི་སྔ་དྲོར་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་སྐབས་བརྒྱད་པའི་དམའ་འབྲིང་མཐར་ཕྱིན་མཛད་སྒོ་དང་སྐབས་བཅུ་གཅིག་པའི་སློབ་ཆུང་མཐར་ཕྱིན་མཛད་སྒོ་གཉིས་མཉམ་དུ་སྤེལ། མཛད་སྒོའི་སྟེང་སློབ་གྲྭ་འདིའི་བྱེད་པོ་དམ་པ༧སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་རྒན་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་དང་། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གསུམ་དངོས་སུ་ཕེབས་ཏེ་རིམ་པ་བཞིན་དགེ་སློབ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་བཅས་མཐར་ཕྱིན་སློབ་མ་རྣམས་ལ་ཆེད་དམིགས་དང་། དགེ་སློབ་སྤྱི་ལ་ཚེ་ནོམ་ལྟ་བུའི་གསུང་བཤད་གལ་ཆེན་གནང་། མ་ཟད་སློབ་དཔོན་རྣམ་གསུམ་གྱིས་དམའ་འབྲིང་མཐར་ཕྱིན་སློབ་མ༣༧དང་སློབ་ཆུང་མཐར་ཕྱིན་སློབ་མ༩༢ལ་མཐར་ཕྱིན་འཛིན་ཡིག་བསྩལ། དམའ་འབྲིང་མཐར་ཕྱིན་སློབ་མ་ཚོས་དགེ་རྒན་དང་ལས་བཟོ་བ་ཡོངས་ལ་གྱེས་ཚིག་དང་། དྲིན་གཟོའི་ཕྱག་རྟེན། གླུ་གར་གྱི་མཆོད་པ་ཕུལ་བ་དང་དུས་མཚུངས་སུ་འཛིན་གྲྭ་འོག་མ་རེ་རེས་ཀྱང་མཐར་ཕྱིན་སློབ་མ་ཚོར་གྱེས་ཚིག་དང་ལེགས་སྐྱེས་སུ་གླུ་གར་གྱི་སྤྲོ་སྟོན་གང་ལེགས་བཤམས། སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སློབ་དཔོན་རྣམ་གསུམ་མཛད་སྒོར་དངོས་སུ་ཞུགས་པར་བཀའ་དྲིན་ཞུས་པ་དང་ཆབས་ཅིག་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་སྟེ་བཀྲ་ཤིས་པའི་ངང་མཇུག་བསྡུས།

སྐབས་བརྒྱད་པའི་དམའ་འབྲིང་མཐར་ཕྱིན་འཛིན་གྲྭ།


སྐབས་བཅུ་གཅིག་པའི་སློབ་ཆུང་མཐར་ཕྱིན་འཛིན་གྲྭ། ༼ཀ་བ།༽

སྐབས་བཅུ་གཅིག་པའི་སློབ་ཆུང་མཐར་ཕྱིན་འཛིན་གྲྭ། ༼ཁ་བ།༽

སློབ་དཔོན་རྣམ་གསུམ་གྱིས་མཐར་ཕྱིན་འཛིན་ཡིག་གནང་བཞིན་པ།

དམའ་འབྲིང་མཐར་ཕྱིན་སློབ་མའི་ཞབས་བྲོ།

དམའ་འབྲིང་མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭར་ཕུལ་བའི་ལེགས་སྐྱེས།

བོད་རྒྱ་དབྱིན་གསུམ་གྱི་མདོ་འཛིན་པ།

སློབ་དཔོན་རྣམ་གསུམ་དང་སྐབས་བཅུ་གཅིག་པའི་སློབ་ཆུང་མཐར་ཕྱིན་འཛིན་གྲྭ་ཁ་བའི་དགེ་སློབ་ཡོངས།

སློབ་ཆུང་གི་ཞབས་བྲོ།

སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

གསར་འགོད་པ།   དཀར་མོ་ཡེ་ཤེས་ཀྱིས།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-07-12 ལྟ་ཀློག (9770)