སྐབས་ཉེར་གསུམ་པའི་མཐར་ཕྱིན་དགོང་ཚོགས་འཚོགས་པ།

སློབ་གླིང་གསར་འགྱུར།

  2020.07.10 ཉིན་གྱི་དགོང་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྨད་ཀྱི་ཚོམས་ཁང་ཆེན་མོ་རུ་སྐབས་ཉེར་གསུམ་པའི་མཐར་ཕྱིན་དགོང་ཚོགས་འཚོགས་ཤིང་།  ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་དང་བཛྲ་ཚུལ་ཁྲིམས་རྒྱ་མཚོ།  ལྡོང་ཡོནཏན་རྒྱ་མཚོ།  དགེ་རྒན་གཅོད་པ་ཚེ་རིང་སོགས་དངོས་སུ་ཞུགས་ཏེ་རིམ་པ་བཞིན་དགེ་སློབ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་འདྲི་དང་བཅས་མཐར་ཕྱིན་སློབ་མ་རྣམས་ལ་ཆེད་དམིགས་ཀྱི་གསུང་བཤད་གལ་ཆེན་གནང་ཞིང་།  དགོང་ཚོགས་ཀྱི་གོ་རིམ་ལྟར་གྲུབ་འབྲས་གཟེངས་སུ་ཐོན་པའི་སློབ་གྲོགས་དག་ལ་གཟེངས་རྟགས་ཕུལ་བ་དང་།  མཐར་ཕྱིན་དཔང་ཡིག་སྤྲད་པ།  སློབ་གླིང་དྲ་ཚིགས་གསར་འགོད་པ་དང་འཛིན་གྲྭའི་འཐུས་ཚབ་རྒྱུན་ལས་བཅས་ལ་དཔང་ཡིག་སྤྲད་པ།   འཛིན་གྲྭ་སོ་སོའི་འཐུས་ཚབ་མི་སྣས་གཏམ་བཤད་དང་འབྲེལ་ནས་མཐར་ཕྱིན་སློབ་མར་ལེགས་སྐྱེས་ཕུལ་བ་དང་།   རིག་རྩལ་འཁྲབ་སྟོན་སྣ་ཚོགས་དང་བཅས་མཐར་ཕྱིན་དགོངས་ཚོགས་རྒྱལ་ཁའི་ངང་མཇུག་བསྡུས།

སྐབས་བཅོ་ལྔ་བའི་མཐར་ཕྱིན་སློབ་མ་བཞི་བཅུ་ལྷག་ཐེངས་འདིའི་སྐབས་ཉེར་གསུམ་པའི་མཐར་ཕྱིན་དགོང་ཚོགས་སྟེང་དངོས་སུ་ཟབ་ཞུགས་བྱས་ཡོད་པ་མ་ཟད་རིག་རྩལ་སྣ་ཚོགས་ཀྱིས་ལེགས་སྐྱེས་ཀྱང་ཕུལ།

ཚེས་བཅུ་གཅིག་ཉིན་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱིས་མཐར་ཕྱིན་སློབ་མ་རྣམས་ལ་ཆེད་དུ་སྐྱེལ་མ་བྱས་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-07-11 ལྟ་ཀློག (5217)