སློབ་གླིང་གསར་འགྱུར།

 སློབ་གླིང་གསར་འགྱུར།

    ༢༠༢༠ལོའི་ཟླ་༧ཚེས་༤ཉིན་ཏེ།  རེས་གཟའ་སྤེན་པའི་སྤྱི་སྡོམ་དང་བསྟུན་ནས་རང་སློབ་གྲྭའི་སྐབས་ཉེར་གསུམ་པའི་མཐར་ཕྱིན་འཛིན་གྲྭའི་ཆེད་རྩོམ་དཔེ་ཚོགས་དང་མཐར་ཕྱིན་སློབ་མའི་སྒེར་དེབ་འགྲེམས་སྤེལ་གྱི་མཛད་སྒོ་གླིང་སྨད་དུ་གཟབ་རྒྱས་ངང་འཚོགས་པར་མ་ཟད། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་ཐེངས་འདིའི་མཐར་ཕྱིན་སློབ་མའི་བརྩམས་ཆོས་རྣམས་རེ་རེ་བཞིན་མཚམས་སྦྱོར་བྱས་ཤིང་།   རྟེན་འབྲེལ་གྱི་ཞལ་གཡང་གནང་།   དེ་བཞིན་རང་སློབ་གྲྭའི་དགེན་གྱི་ལིང་འཇིགས་མེད་དང་དགེན་རུ་མང་འཕྲིན་ལས་རྒྱ་མཚོ། དགེན་བླ་ནག་པ་སྐལ་ལྡན་རྒྱ་མཚོ་བཅས་ཀྱིས་དཔེ་ཚོགས་འགྲེམ་སྤེལ་གྱི་དགེ་མཚན་དང་།  རྩོམ་རིག་འབྲི་སྦྱོང་ལ་འབོད་སྐུལ་བཅས་ཀྱི་ཐད་གསུང་བཤད་གལ་ཆེན་གནང་། 










   གསར་འགོད་པ།  རྒྱུ་ཐ་མཐོང་དགའ

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2020-07-05 ལྟ་ཀློག (3910)