གཏམ་བཟང་། མཚོ་སྔོན་དུ་ཡང་བསྐྱར་ཏོག་གསར་གློ་ཚད་འགོས་པའི་ནད་པ་གཉིས་སྨན་ཁང་ནས་བུད་པ།

གཏམ་བཟང་། མཚོ་སྔོན་དུ་ཡང་བསྐྱར་ཏོག་གསར་གློ་ཚད་འགོས་པའི་ནད་པ་གཉིས་སྨན་ཁང་ནས་བུད་པ།

  མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ2པའི་ཚེས11ཉིན་གྱི་ཕྱི་དྲོའི་ཆུ་ཚོད4སྟེང་། ཟི་ལིང་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་འགོས་པའི་ནད་པ2ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་སྨན་དོན་རུ་ཁག་གིས་སྨན་བཅོས་བྱས་པ་བརྒྱུད། སྨན་ཁང་ནས་བུད་ཆོག་པའི་ཚད་གཞིར་ལོན་ནས་སྨན་ཁང་དུ་བུད་པ་རེད།

ཐེངས་འདིའི་ནད་པ་གཉིས་ནི་དེ་སྔོན་མཚོ་སྔོན་ཞིང་ཆེན་ནས་ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་རྟགས་ཐག་བཅད་པའི་ནད་པ་ཀྲེན་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ་གཉིས་རེད། ནད་པ་དེ2སོ་སོར་ཟླ1ཚེས31ཉིན་དང་ཟླ2པའི་ཚེས2ཉིན། ཞིང་ཆེན་དང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱིས་ཞིབ་དཔྱད་ཚད་ལེན་བསྐྱར་ཞིབ་དང་། ཞིང་ཆེན་རིམ་པའི་ཆེད་མཁས་པས་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ཐད་བཅད་རྗེས་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་རུ་སྨན་བཅོས་བྱས་པ་རེད།

   རྒྱུས་ལོན་པ་ལྟར་ན། ནད་དུག་འགོག་པ་སོགས་ཀྱི་འབྲེལ་ཡོད་སྨན་བཅོས་བྱས་པ་བརྒྱུད། ཟླ2པའི་ཚེས5ཉིན་ནས་བཟུང་། ནད་པར་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་གཞི་རྩའི་ཆ་ནས་རྒྱུན་གཏན་ལྟར་གྱུར་ཏེ། སོ་སོར་ཟླ2པའི་ཚེས7དང9ཉིན་ཏོག་གསར་གློ་ཚད་ཀྱི་ནད་རྟགས་མེད་པ་ཐད་བཅད་པ་དང་། རྒྱལ་ཁབ་ཀྱི《ཏོག་གསར་གློ་ཚད་ཀྱི་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་ལྔ་པ། བཟོ་བཅོས་མ།)》ཡི་སྨན་ཁང་ནས་བུད་ཆོག་པའི་ཚད་གཞི་ལྟར། ཞིང་ཆེན་རིམ་པའི་ཆེད་མཁས་པས་དཔྱད་ཞིབ་བྱས་མཐར། དེ་རིང་སྨན་ཁང་ནས་བུད་པ་རེད།

   མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི《ཏོག་གསར་གློ་ཚད་འགོས་པའི་འབྲེལ་ཡོད་ནད་པ་དྲག་ནས་བཀར་འཇུག་སྨན་བཅོས་བྱེད་མཚམས་འཇོག་པ་དང་སྨན་ཁང་ནས་བུད་རྗེས་ཀྱི་འབྲེལ་ཡོད་དོ་སྣང་བྱ་དགོས་པའི་དོན་ཚན》གྱི་བླང་བྱ་གཞིར་བཟུང་སྟེ། ཐེངས་འདིར་སྨན་ཁང་ནས་བུད་པའི་ནད་པ་གཉིས་ཀ་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ་འོག མུ་མཐུད་དུ་ཉིན14རིང་རང་ཁྱིམ་དུ་བཀར་འཇུག་ལྟ་ཞིབ་བྱ་རྒྱུ་རེད།

ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-02-11 ལྟ་ཀློག (5125)