སི་ཁྲོན་དཀར་མཛེས་ཀྱི་ནད་པ་གཉིས་དྲག་སྐྱེད་བྱུང་བ།

སི་ཁྲོན་དཀར་མཛེས་ཀྱི་ནད་པ་གཉིས་དྲག་སྐྱེད་བྱུང་བ།

      སྤྱི་ཟླ་2པའི་ཚེས་10ཉིན་གྱི་ཕྱི་དྲོར།  སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཏོག་གསར་གློ་ཚད་སྨན་བཅོས་བྱེད་སའི་དམིགས་བཙུགས་སྨན་ཁང་ནས་མི་སེམས་དགའ་བའི་གཏམ་བཟང་ཞིག་གྲགས་ཡོད།  

    ཁུལ་དེའི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་དྲག་སྐྱེད་བྱུང་བ་ཐོག་མ་གཉིས་སྨན་ཁང་ནས་ཕྱིར་ཐོན་ཡོད། དེའི་ཁྲོད་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བྱས་པའི་ནད་པ་ཐོག་མ་དེའང་ཚུད་ཡོད།

     དུས་མཚམས་ཤིག་གི་རིང་གསོ་བཅོས་ཞིབ་ཚགས་བྱས་པ་བརྒྱུད། ཏོག་གསར་གློ་ཚད་ཕོག་པའི་ནད་པ་གཉིས་ཀྱི་ནད་གཞི་རིམ་བཞིན་དྲག་སྐྱེད་བྱུང་བ་དང་། སི་ཁྲོན་ཞིང་ཆེན་གྱི་རིགས་གཅིག་མཁས་པ་དང་ས་གནས་དེ་གའི་རིགས་གཅིག་མཁས་པས་བརྟག་དཔྱད་བྱས་པ་བརྒྱུད། ནད་པ་དེ་གཉིས་ནད་གཞི་དྲག་སྐྱེད་བྱུང་བ་ཐག་བཅད་པ་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་ནས་ཐོན་ཡོད་པ་རེད།

     མིག་སྔར་ནད་པ་དེ་གཉིས་དྲག་སྐྱེད་བྱུང་ཡོད་ནའང་། གཟུགས་གཞིའི་ནད་འགོག་ནུས་པ་ཅུང་ཞན་པས། དམིགས་བཙུགས་སྨན་ཁང་ནས་ཐོན་རྗེས། པའི་ཚའོ་ཐང་རུས་ནད་སྨན་ཁང་དུ་ཉིན་བཅུ་བཞི་ལྟ་ཞིབ་བྱ་རྒྱུར་ཉར་རྒྱུ་རེད།



 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།



རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-02-10 ལྟ་ཀློག (3774)