བླ་བྲང་རྒན་གྱའི་གནའ་མིའི་འགྲམ་རུས་འཛམ་གླིང་ལ་གྲགས་སོང་།


བླ་བྲང་རྒན་གྱའི་གནའ་མིའི་འགྲམ་རུས་འཛམ་གླིང་ལ་གྲགས་སོང་།

   ཀན་སུའུ་བསང་ཆུ་རྫོང་རྒན་གྱའི་བྲག་དཀར་གྱི་དྷེ་ནེ་སོ་ཝན་མིའི་ཞིབ་འཇུག་དེ་2019ལོའི་འཛམ་གླིང་གནའ་རྫས་གསར་རྙེད་ཆེན་པོ་བཅུའི་ནང་བདམས་ཐོན་བྱུང་།  མིང་དུ་གྲགས་པའི་ཨ་རིའི་༼གནའ་རྫས་རྟོག་ཞིབ་《Archaeology》༽ཅེས་པའི་དུས་དེབ་ཀྱིས་2019ལོའི་འཛམ་གླིང་གི་གནའ་རྫས་རྟོག་ཞིབ་ཆེན་པོ་བཅུ་བདམས་ཐོན་བྱུང་འདུག་ལ།  དེའི་ཁྲོད་དུ་ཀྲུང་གོ་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་དང་། ལན་ཀྲུའུ་སློབ་ཆེན།  འཇར་མན་མྰ་ཕོའུ་མིའི་རིགས་འཕེལ་འགྱུར་རིག་པ་ཞིབ་འཇུག་ཁང་གི་ཆེད་མཁས་པ་བཅས་མཉམ་ཞུགས་ཐོག་ཞིབ་འཇུག་གནང་བའི་མདོ་དབུས་མཐོ་སྒང་གི་ངྷེ་ནེ་སོ་ཝན་མིའི་丹尼索瓦人ཞིབ་འཇུག་སྟེ་རྒན་གྱའི་གནའ་མིའི་འགྲམ་རུས་དེ་ནང་དུ་བདམས་ཐོན་བྱུང་ཡོད།  

    རྒན་གྱའི་དྷེ་ནེ་སོ་ཝན་མིའི་ཞིབ་འཇུག་ནི་ཐེངས་འདིའི་འཛམ་གླིང་གི་གནའ་རྫས་རྟོགས་ཞིབ་ཆེན་པོ་བཅུའི་ཁྲོད་རྡོ་ཆས་དུས་སྐབས་རྙིང་བའི་གནའ་རྫས་རྟོགས་ཞིབ་ཀྱི་གྲུབ་འབྲས་གཅིག་པུ་ཡིན་པ་མ་ཟད་འདིའི་ནང་ཚུད་པའི་ཀྲུང་གོའི་གནའ་རྫས་གསར་རྙེད་གཅིག་པུའང་ཡིན། ཞིབ་འཇུག་ཚོགས་པས་གནའ་བོའི་སྤྲི་དཀར་རྒྱུ་དབྱེ་ཞིབ་ཀྱི་ཐབས་ཤེས་སྤྱད་དེ་ཆ་རྡུལ་རིག་པའི་ཆ་འཕྲིན་བརྒྱུད་ནས་གནའ་བོའི་འགྱུར་རྡོའི་ཁོངས་གཏོགས་ལ་བརྡར་ཤ་བཅད་ཡོད། ཁོང་ཚོས་རྒན་གྱའི་མིའི་འགྱུར་རྡོ་ཁྲོད་དྷེ་ནེ་སོ་ཝན་མི་ལ་དམིགས་བསལ་གྱི་ལྡན་པའི་སྤྲི་དཀར་རྒྱུ་རྙེད།  འདིས་དྷེ་ནེ་སོ་ཝན་མི་ཡིན་པའི་བདེན་དཔང་གལ་ཆེན་འདོན་སྤྲོད་གནང་།  ལན་ཀྲུའུ་སློབ་ཆེན་ཐོན་ཁུངས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཀྲང་ཏུང་ཅུའུ་ལགས་ནས་འགྲམ་རུས་འདི་ལས་དྷེ་ནེ་སོ་ཝན་མི་ཁྱབ་ཁུལ་དེ་ང་ཚོས་སྔོན་ཆད་གཏན་ཁེལ་གནང་བའི་ས་ཁུལ་ལས་ཧ་ཅང་ཁྱབ་ཆེ་ལ་མཚོ་ངོས་མཐོ་ཚད་ཀྱང་དེ་ལས་མཐོ་བ་གསལ་བཤད་བྱས་ཡོད་ཅེས་གསུང་།  


བོད་ནས་རྙེད་པའི་འཛམ་གླིང་གནའ་རྫས་གསར་རྙེད་ཆེན་པོ་བཅུའི་ནང་བདམས་ཐོན་བྱུང་བའི་གནའ་བོའི་འགྲམ་རུས། 


བླ་བྲང་རྒན་གྱའི་བྲག་ཕུག་ནས་རྙེད་པའི་དྷེ་ནེ་སོ་ཝན་མིའི་འགྲམ་རུས།


རྒན་གྱའི་བྲག་ཕུག་གི་ཡུལ་ངོས། 


གནའ་རྫས་འཚོལ་ཞིབ་པས་ཡུལ་ངོས་སུ་རྒྱུས་ལོན་བྱེད་བཞིན་པ། 

གསར་འགྱུར་ཡོང་ཁུངས་༼ལན་ཀྲུའུ་ཞོགས་པའི་ཚགས་པར་༽ཡིན།

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་འདོན་པ་སྤྲེལ་ཉི་མ་རྒྱལ་མཚན།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2019-12-13 ལྟ་ཀློག (5667)