ཨེ་འགོག་རང་འདུན་པའི་གསོ་སྦྱོང་ཚོགས་འདུ་ཁྲིན་ཏུའུ་གྲོང་ཁྱེར་དུ་བསྡུས་པ།

ཨེ་འགོག་རང་འདུན་པའི་གསོ་སྦྱོང་ཚོགས་འདུ་ཁྲིན་ཏུའུ་གྲོང་ཁྱེར་དུ་བསྡུས་པ།

 སི་ཁྲོན་ཞིང་ཆེན་མི་རིགས་འཕྲོད་བསྟེན་བདེ་ཐང་དར་སྐུལ་ཚོགས་པའི་ཚོགས་གཙོ་ཚེ་བྷོ་ལགས་ཀྱིས་བླ་ན་མེད་པའི་རྒྱབ་སྐྱོར་གནང་བ་བརྒྱུད། ངེད་ཀུན་བརྩེ་ཨེ་འགོག་ཚོགས་པས་ལོ་རེ་བཞིན་སྤེལ་གྱིན་པའི་ཨེ་འགོག་རང་འདུན་པའི་གསོ་སྦྱོང་ཚོགས་འདུ་དེ་༢༠༡༩/༡༡/༢༨་ཉིན་ནས་བཟུང་ཁྲིན་ཏུའུ་གྲོང་ཁྱེར་ནས་བདེ་བླགས་ངང་འཚོགས་ཐུབ་པར་གྱུར་ལ། ཐེངས་འདིའི་སྦྱོངས་བརྡར་ཁྲོད་མཁན་ཆེན་དམ་པ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་སྐྱིད་སྡུག་ལམ་ཁྱེར་སྐོར་གྱི་གསུངས་བཤད་གནང་བ་དང་།  སི་ཁྲོན་ཞིང་ཆེན་མི་རིགས་འཕྲོད་བསྟེན་དར་སྐུལ་ཚོགས་པའི་ཚོགས་གཙོ་གཞོན་པ་སྐལ་བཟང་ཚེ་རིང་ལགས་དངོས་སུ་ཚོགས་ཐོག་ཏུ་ཕེབས་ཤིང་གསུངས་བཤད་གནངས།
མ་ཟད་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་རིམས་འགོག་ལྟེ་གནས་ཀྱི་ཨེ་ཛིའི་ཐད་ཀྱི་ཆེད་མཁས་པ་ཧི་ཆིང་དབྱིང་(何勤英)ལགས་ཀྱིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཨེ་ཛིའི་ཁྱབ་ཚུལ་དང་འབྲེལ་ཡོད་ཁྲིམས་ལུགས་སྐོར་ནས་གསུངས་བཤད་གནངས།  སི་ཁྲོན་ཞིང་ཆེན་རིམས་ནད་སྨན་ཁང་གི་ཨེ་ཛི་ཚན་ཁག་གི་ཆེད་མཁས་གྲགས་ཅན་ཞེ་ཅན་ཀྲུང་(胥建中)ལགས་ཀྱིས་ཨེ་ཛི་ནད་པར་སེམས་གསོ་བྱེད་ཐབས་སྐོར་གསུངས་བཤད་གལ་ཆེན་གནང་ཡོད་ལ། སི་ཁྲོན་ཧྭ་ཤིས་སྨན་ཁང་ཆེན་མོའི་མཆིན་མཁྲིས་ཚན་ཁག་གི་ཆེད་མཁས་ཁྲིན་ཀྲི་དབྱི་(陈哲宇)ལགས་ཀྱིས་ཐུམ་འབུའི་ནད་སྔོན་འགོག་སྐོར་གྱི་གསུངས་བཤད་གནང་། སི་ཁྲོན་ཞིང་ཆེན་རིམས་ནད་སྨན་ཁང་ངམ་ཨེ་ཛིའི་སྨན་ཁང་གི་སྨན་པ་དབྱང་ཤའོ་ཇིང་(杨晓静)ལགས་ཀྱིས་ཨེ་ཛི་ནད་ཡམས་སྔོན་འགོག་སྐོར་གྱི་གསུངས་བཤད་གནང་ཡོད་པ་དང་། སི་ཁྲོན་ཞིང་ཆེན་གྱི་རིམས་ནད་སྨན་ཁང་གི་སྨན་པ་ཝང་ཡེ་ལན་(王钥莲)ལགས་ཀྱིས་གློ་གཅོང་གི་ནད་སྔོན་འགོག་བྱེད་ཐབས་སྐོར་གསུངས་བཤད་གནང་བ་དང་།  སི་ཁྲོན་ཞིང་ཆེན་རྟེན་ཁྱད་སློབ་གསོའི་ཆེད་མཁས་ཁྲིང་ཅིང་(程静)ལགས་ཀྱིས་རྟེན་ཁྱད་དང་འདོད་བདེ་སྐོར་གྱི་གསུངས་བཤད་སོགས་གནངས།   གཞན་ད་དུང་ཀུན་བརྩེ་ཨེ་འགོག་ཚོགས་པའི་དཀྱིལ་སྙིང་རང་འདུན་པ་སྒྲོལ་དཀར་མཚོ་དང་། བཀྲ་ཤིས་རྒྱ་མཚོ།བསོད་ནམས་ཚེ་བརྟན། ཟླ་བ་ཤེས་རབ་སོགས་ཀྱིས་རང་རང་གི་ལས་རིགས་ཐད་ནས་གསུངས་བཤད་གྱ་ནོམ་པ་གནངས་སོང་།   སྨན་པ་དང་ཆེད་ལས་རང་འདུན་པ་བུད་མེད་ཁག་ཅིག་གིས་མོ་ནད་སྐོར་གསུངས་བཤད་གནངས་ཏེ་མཐར་༢༠༡༩/༡༢/༣ཉིན་བཀྲ་ཤིས་བདེ་ལེགས་ངང་མཇུག་བསྡུས།

སི་ཁྲོན་ཞིང་ཆེན་མི་རིགས་འཕྲོད་བསྟེན་དར་སྐུལ་ཚོགས་པའི་ཚོགས་གཙོ་གཞོན་པ་སྐལ་བཟང་ཚེ་རིང་ལགས།


སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་གྱི་རིམས་འགོག་ལྟེ་གནས་ཀྱི་ཨེ་ཛིའི་ཐད་ཀྱི་ཆེད་མཁས་ཧི་ཆིང་དབྱིང་(何勤英)ལགས་ཀྱིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཨེ་ཛིའི་ཁྱབ་ཚུལ་དང་འབྲེལ་ཡོད་ཁྲིམས་ལུགས་སྐོར་གསུངས་གནང་བཞིན་པ།


སི་ཁྲོན་ཞིང་ཆེན་རིམས་ནད་སྨན་ཁང་གི་ཨེ་ཛི་ཚན་ཁག་གི་ཆེད་མཁས་གྲགས་ཅན་ཤེ་ཅན་ཀྲུང་(胥建中)ལགས་ཀྱིས་ཨེ་ཛི་ནད་པར་སེམས་གསོ་བྱེད་ཐབས་སྐོར་གསུངས་བཤད་གལ་ཆེན་གནང་བཞིན་པ།


སི་ཁྲོན་ཧྭ་ཤིས་སྨན་ཁང་ཆེན་མོའི་མཆིན་མཁྲིས་ཚན་ཁག་གི་ཆེད་མཁས་ཁྲེན་ཀྲི་དབྱི་(陈哲宇)ལགས་ཀྱིས་ཐུམ་ཐུམ་འབུའི་ནད་སྔོན་འགོག་སྐོར་གསུངས་གནང་བཞིན་པ།


སི་ཁྲོན་ཞིང་ཆེན་རིམས་ནད་སྨན་ཁང་ངམ་ཨེ་ཛིའི་སྨན་ཁང་གི་སྨན་པ་དབྱང་ཤའོ་ཇིང་(杨晓静)ལགས་ཀྱིས་ཨེ་ཛི་ནད་ཡམས་སྔོན་འགོག་སྐོར་གྱི་གསུངས་བཤད་གནང་།


སི་ཁྲོན་ཞིང་ཆེན་གྱི་རིམས་ནད་སྨན་ཁང་གི་སྨན་པ་ཝང་ཡེ་ལན་(王钥莲)ལགས་ཀྱིས་གློ་གཅོང་གི་ནད་སྔོན་འགོག་བྱེད་ཐབས་སྐོར་གསུངས་གནང་བཞིན་པ།

སི་ཁྲོན་ཞིང་ཆེན་རྟེན་ཁྱད་སློབ་གསོའི་ཆེད་མཁས་ཁྲིང་ཅིང་(程静)ལགས་ཀྱིས་རྟེན་ཁྱད་དང་འདོད་བདེ་སྐོར་གྱི་གསུངས་བཤད་གནང་བཞིན་པ།

མཉམ་པར།

གསར་འགོད་པ།  སྨན་སྲས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2019-12-06 ལྟ་ཀློག (3773)