མཚོ་སྔོན་ཞིང་ཆེན་གྱི་སློབ་ཁྲིད་འགྲན་བསྡུར་ལས་བྱ་དགའ་ཨང་དང་བོ་ཐོབ་པ།

མཚོ་སྔོན་ཞིང་ཆེན་གྱི་སློབ་ཁྲིད་འགྲན་བསྡུར་ལས་བྱ་དགའ་ཨང་དང་བོ་ཐོབ་པ།


      ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བཞི་བའི་མཐར་ཕྱིན་སློབ་མ་གར་དབང་གིས་ད་ལོའི་རྫོང་དང་ཁུལ་རིམ་པ་ནས་སློབ་ཁྲིད་བྱས་ཏེ་སྤྱི་ཟླ་བཅུ་གཅིག་པའི་ཚེས་བདུན་ནས་བརྒྱད་བར་ཁྲི་ཀ་རྫོང་ཐོག་ཏུ་འཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཁྲིད་འགྲན་བསྡུར་ཁྲོད་མཁས་འཇོན་ཅན་གྱི་མཚན་སྙན་ནམ་ཨང་དང་པོའི་བྱ་དགའ་བླངས་པར་མ་ཟད།   ཀུན་གྱིས་བསྟོད་བསྔགས་དང་མིག་དཔེ་སྟོན་ཡུལ་དུ་གྱུར་ཏེ་ང་ཚོ་ལ་ཕྱོགས་མང་བོ་ཞིག་ནས་ཉམས་མྱོང་དང་ལམ་སྟོན་རྒྱ་ཆེན་བྱས་ཤིང་ཆེད་མཁས་སློབ་ཁྲིད་མཚན་སྙན་གྱི་དཔང་ཡིག་སྤྲད།

སློབ་ཁྲིད་བྱེད་བཞིན་པའི་ཡུལ་ངོས།

མཉམ་པར་བསྐྱོན་པ།

སློབ་གྲོགས་གར་དབང་ལགས་ལ་ཆེད་མཁས་སློབ་ཁྲིད་མཚན་སྙན་གྱི་ཐོབ་པར་རྟེན་འབྲེལ་ཞུས་པ།

གསར་འགྱུར་མཁོ་སྤྲོད་པ། གཡོན་གཞིས་ཁྲོ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2019-11-28 ལྟ་ཀློག (5696)