སློབ་སྒྲུབ་ཁེ་ལས་རྨ་ཆེན་འབྲོག་ལས་རྒྱལ་སྤྱིའི་ཚོང་ལས་ཚད་ཡོད་མཐུན་གཉེར་ཁང་གིས་སྤེལ་བའི་གསར་འགྱུར།

སློབ་སྒྲུབ་ཁེ་ལས་རྨ་ཆེན་འབྲོག་ལས་རྒྱལ་སྤྱིའི་ཚོང་ལས་ཚད་ཡོད་མཐུན་གཉེར་ཁང་གིས་སྤེལ་བའི་གསར་འགྱུར།

 

          ༢༠༡༩ལོའི་ཟླ༡༡པའི་ཚེས་༢༣ཉིན་དགེ་རྒན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་གི་གསར་འཛུག་བྱས་པའི་སློབ་སྒྲུབ་ཁེ་ལས་རྨ་ཆེན་འབྲོག་ལས་མཉམ་སྒྲུབ་མཐུན་གཉེར་ཁང་གིས་ཚོང་རའི་མ་འོངས་བའི་འཕེལ་རྒྱས་ཀྱི་ལམ་ཁ་ལ་དམིགས་ནས། ཚོང་རྟགས་གསར་བ་༼  བོད་མདངས ༽  དང་བོད་མདངས་འབྲི་མོའི་འོ་ཇ་ལ་ཆེད་དམིགས་ཀྱི་ཁྱབ་བསྒྲགས་བརྡ་ཡིག་གི་འགྲན་བསྡུར་ཅིག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སྤེལ་བ་དང་།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་ཡོངས་ཀྱི་འགྲན་ཞུགས་བརྡ་ཡིག་ལས་ཕུལ་བྱུང་གི་བརྡ་ཡིག་འདི་དག་འདེམ་ཐོན་བྱུང་། ཨང་དང་བོ་ཐོབ་མཁན་འགུ་གྲགས་རྡོ་རྗེ། ཨང་གཉིས་པ་བྱང་ཆུབ། ཨང་གསུམ་པ་བཟོད་པ་བཟང་བོ། ཕུལ་བྱུང་བྱ་དགའ་ཐོབ་མཁན་མཆོད་དབང་། རིག་འཛིན་ཉི་མ། ཚེ་བརྟན་རྡོ་རྗེ་བཅས་ལ་རིམ་བཞིན་བྱ་དགའ་སྤྲད་པ་དང་། ཐེངས་འདིའི་འགྲན་བསྡུར་ཁྲོད་དགེ་རྒན་རྣམས་ཀྱིས་རྒྱབ་སྐྱོར་བླ་མེད་གནང་བར་མ་ཟད་སློབ་མ་ཚོས་ཀྱང་རང་ནུས་གང་ཡོད་བཏོན་མཐར་བྱ་འགུལ་འདིའི་མགོ་མཇུག་ཀུན་ཡིད་འཁུལ་བ་ཞིག་བྱུང་།

བོད་མདངས་འབྲི་མོའི་འོ་ཇ་ལ་ཆེད་དམིགས་ཀྱི་ཁྱབ་བསྒྲགས་བརྡ་ཡིག་འགྲན་བསྡུར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སྤེལ་བ།

ཁྱབ་བསྒྲགས་བརྡ་ཡིག་འགྲན་བསྡུར་གྱི་ནང་དོན་གསལ་བཤད་གནང་བཞིན་པ།

ཐེངས་འདིར་བྱ་དགའ་ཐོབ་པའི་སློབ་མའི་དཔུང་སྡེ།


ཐེངས་འདིར་བྱ་དགའ་ཐོབ་པའི་སློབ་མའི་དཔུང་སྡེ།

གསར་འགོད་པ། མཁར་འབུམ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2019-11-24 ལྟ་ཀློག (3892)