འབའ་ཡུལ་ཐོན་མིའི་སློབ་ཚོགས་ཀྱིས་དགེ་སློབ་དགྱེས་འཛོམས་ཐེངས་བཞི་བ་བསྡུས་པ།

འབའ་ཡུལ་ཐོན་མིའི་སློབ་ཚོགས་ཀྱིས་དགེ་སློབ་དགྱེས་འཛོམས་ཐེངས་བཞི་བ་བསྡུས་པ།

        སྤྱི་ལོ2019ལོའི་ཟླ11པའི་ཚེས2ཉིན། འབའ་ཡུལ་ཐོན་མིའི་སློབ་ཚོགས་སྐབས་བཞི་བའི་དགྱེས་འཛོམས་དང་བསྟུན་ནས་ད་ལོར་འབའ་ཡུལ་ཐོན་མིའི་སློབ་ཚོགས་ཀྱིས་དཔར་སྐྲུན་བྱས་པའི༼སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གི་ལྗགས་རྩོམ<<བཤེས་སྤྲིང་རྒྱས་བཤད་ཐར་འདོད་ལམ་ཡིག>>འགྲེམ་སྤེལ་མཛད་སྒོ༽ཞེས་པའི་ལྷན་ཚོགས་དེ་འབའ་རྫོང་གོ་ཆེན་སྣ་འཛོམས་གསོལ་མགྲོན་ཁང་དུ་གཟབ་རྒྱས་ངང་བསྡུས་པ་དང་། དགེ་རྒན་རིན་པོ་ཆེ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་སྐུ་དངོས་སུ་ཕེབས་ཏེ་དཔེ་དེབ་དབུ་འབྱེད་མཛད་པ་དང་སེམས་འགུལ་ཐེབས་པའི་གསུང་བཤད་གལ་ཆེན་གནང་ཞིང་དགེ་སློབ་ཡོངས་ཀྱི་མཛའ་བརྩེ་འོ་ཆུ་བཞིན་དུ་འདྲེས་ཏེ་འདས་དོན་མང་བོ་གླེང་ནས་གསུང་གླེང་གང་མང་བྱས། དགེ་རྒན་མཆོག་ཀྱང་ཕལ་ཆེར་ཉིན་གང་བོར་བཞུགས་ཤིང་ཐུགས་དགྱེས་ཚོར་ཆེན་པོ་གནང་། མཉམ་པར་བསྒྲོན་རྗེས་ཁོང་དགེ་རྒན་རིན་པོ་ཆེ་ཕྱིར་སློབ་གླིང་ལ་ཕེབས་ཤུལ་དུ་ཡང་བསྐྱར་འབའ་ཡུལ་ཐོན་མིའི་སློབ་ཚོགས་ཀྱི་ལོ་གཅིག་རིང་གི་བྱ་བའི་གྲུབ་འབྲས་ལ་སྤྱི་བསྡོམས་བགྲོ་གླེང་བྱས་རྗེས། ཐེངས་འདིའི་དགྱེས་འཛོམས་ལྷན་ཚོགས་བདེ་ལེགས་ངང་མཇུག་བསྡུས།

དགེ་རྒན་ཁོང་གིས་དཔེ་དེབ་ལ་དབུ་འབྱེད་མཛད་པ།

དགེ་རྒན་རིན་པོ་ཆེས་དཔེ་དེབ་ལ་གཟིགས་ཞིབ་གནང་བ།

དགེ་སློབ་ལྷན་འཛོམས་མཉམ་པར།

གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2019-11-02 ལྟ་ཀློག (8777)