ཤཱ་ཡམ་གྱི་མགོ་ལ་སྲིན་རྭ་སྐྱེས་པ།

ཤཱ་ཡམ་གྱི་མགོ་ལ་སྲིན་རྭ་སྐྱེས་པ།


      སྤྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༢ ཉིན།
རྒྱ་གར་གྱི་མ་དྷེ་ཡ་ པར་དྷེ་ཤི་(Madhya Pradesh)མངའ་སྡེའི་རྒྱ་མཚོའི་གྲོང་(Sagar city)གི་རཱ་ལི་(Rahli)གྲོང་ཚོར་ད་ལྟ་ལོ་ ༧༤ ཡིན་པའི་ཤཱ་ཡམ་ལེལ་ ཡ་དྷེ་བི་(Shyam Lal Yadav)ཟེར་བའི་རྒད་པོ་ཞིག་ཡོད།
     ལོ་ལྔའི་གོང་གི་ཉིན་ཞིག་ཁོའི་མགོ་ལ་རྒྱུན་ལྡན་མིན་པའི་ན་ཟུག་ཅིག་སྐྱེས་པར་མ་ཟད། ན་ཟུག་དེ་མུ་མཐུད་ལངས་ཤིང་། མཐར་རིམ་ཁོའི་མགོ་ནས་རྭ་ཞིག་སྐྱེས་པ་དང་། གྲོང་མི་རྣམས་ཀྱིས་”སྲིན་རྭ་”ཞེས་བཏགས།

      ཐོག་མར་སྲིན་རྭ་སྐྱེ་སྐབས་ཤཱ་ཡམ་གྱིས་སྣང་མེད་བཏང་ནས། ཉེ་འགྲམ་གྱི་སྐྲ་གཞར་ཁང་ཞིག་ཏུ་སོང་ནས་སྲིན་རྭ་ཇེ་ཐུང་ལ་གཏོང་བ་དང་། མགོ་རས་ཀྱིས་སྲིན་རྭ་འགེབ་སྲུང་བྱེད་བཞིན་བསྡད་ན་ཡང་། ལོ་ཟླ་ཅི་ཙམ་སོང་ཡང་ན་ཟུག་ཕྲ་མོ་ཞིག་ཡོད་མུས་ལ་བརྟེན། སྨན་དཔྱད་ཀྱི་གསོ་ཐབས་མི་བཙལ་ག་མེད་དུ་གྱུར་པ་རེད།
       ལོ་ལྔའི་རྗེས་ཏེ་ད་ལོའི་སྤྱི་ཟླ་ ༩ ཚེས་མགོར་རྒྱ་མཚོའི་གྲོང་གི་བྷོཀ་ཡོ་ཊེ་ ཌེར་ཐི་(Bhagyoday Tirth)སྨན་ཁང་དུ་གཤག་བཅོས་བྱས་ཏེ་སྲིན་རྭ་བཀོག་པ་དང་། སྐབས་དེར་སྲིན་རྭ་ལ་སོར་བཞི་ཡོད་འདུག

     སྨན་པ་བི་ཤཱལ་གྷ་རྗི་བྷ་ཡེ་(Vishal Gajbhiye)ཡིས་”དེང་རབས་སྨན་གཞུང་དུ་ཞག་རྩི་ཅན་གྱི་རྭ་ཟེར་ཞིང་། རྭ་འདི་ཇི་སྲིད་སྐྱེས་པ་དེ་སྲིད་དུ་ན་ཟུག་ཡོད་ཅིང་། ནད་རིགས་འདིའི་བརྒྱ་ཆ་ ༦༠% འབྲས་སྐྲན་ལ་གཏོགས་པ་དང་། རྭ་འདིའི་རིགས་ཁ་ཤས་སྐྲན་ནད་དུ་འགྱུར་གྱི་ཡོད་པས། ཅུང་ཉེན་ཁ་ཅན་གྱི་ན་ཚ་ཞིག་ལ་བརྩི་ཡི་ཡོད་”ཟེར།

གསར་འགོད་པ། གཉན་བུ།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2019-09-24 ལྟ་ཀློག (3549)