གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་གསར་བསྡུའི་གནས་ཚུལ།

 གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་གསར་བསྡུའི་གནས་ཚུལ།

       2019.09.0407ཉིན་གྱི་ཕྱི་དྲོའི་བར་ལོ་རེས་འཆར་ཅན་ལྟར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་གསར་བ་མིང་ཐོ་འགོད་པའི་ཉིན་མོ་ཡིན་ཞིང་། དགེ་རྒན་དང་ལས་བཟོ་བ་རྣམས་ཀྱིས་མདོ་དབུས་ཁམས་གསུམ་གྱི་ས་ཕྱོགས་སོ་སོ་ནས་ཐོན་པའི་སློབ་མའི་ཐོབ་དཔང་དང་ཁྱིམ་ཐོ་ལ་ཞིབ་བཤེར་བྱས་པ་བརྒྱུད་ནས་སློབ་ཞུགས་སློབ་མ་དང་རྒྱུགས་ཞུགས་སློབ་མར་མིང་ཐོ་བཀོད་ཅིང་། ཐེངས་འདིར་སློབ་མ་ཆིག་སྟོང་ལ་ཉེ་བས་མིང་ཐོ་བཀོད་ཟིན་པ་དང་རྒྱུགས་ཞུགས་སློབ་མ་ལྔ་བརྒྱ་ལྷག་གིས་མིང་ཐོ་བཀོད་དེ་དངོས་སུ་རྒྱུགས་ལ་ཞུགས།   བོད་རྒྱ་དབྱིན་གསུམ་གྱིས་མཚོན་པའི་རྒྱུགས་འབྲས་ལ་དཔྱད་བསྡུར་བྱས་པ་བརྒྱུད་སློབ་མ་སུམ་བརྒྱ་བཞི་བཅུ་ལྷག་དངོས་སུ་སློབ་གླིང་འདིར་བསྡུ་ལེན་ཐུབ་པ་བྱུང་བ་དང་།  ལོ་བསྟུད་མར་སློབ་གླིང་འདིར་མིང་ཐོ་བཀོད་དེ་རྒྱུགས་ལ་ཞུགས་པའི་སློབ་མའི་ཁྲོད་དུའང་རྒྱུགས་འབྲས་དང་མིང་ཐོའི་ཨང་རིམ་གྱི་ཚད་བཀག་ལྟར་བསྡུ་ལེན་བྱ་མ་ཐུབ་པའི་སློབ་མ་མང་བོ་ཡོད་པར་མ་ཟད།   སློབ་གྲྭའི་ནང་གི་ཉལ་ཁང་དང་སློབ་ཁང་།  དགེ་རྒན་སོགས་གང་ཅིའི་ཐད་ཆ་རྐྱེན་ཧ་ཅང་ཞན་ནའང་མདོ་དབུས་ཁམས་གསུམ་ནས་སླེབས་པའི་སློབ་མ་དང་ཁྱིམ་བདག་རྣམས་ཀྱི་རེ་བ་ཅི་ཐུབ་གང་ཐུབ་ཀྱིས་བསྐང་བར་བྱས་པ་དང་།  སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་དངོས་སུ་ཕེབས་ནས་ད་ལོར་དངོས་སུ་རྒྱུགས་ལ་ཞུགས་པའི་སློབ་མ་དང་དེའི་ཁྱིམ་བདག་རྣམས་ལ་སློབ་གླིང་གི་ཆ་རྐྱེན་གྱི་གནས་བབ་དང་།  སློབ་གསོའི་ཁ་ཕྱོགས།  སློབ་མ་དང་ཁྱིམ་བདག་རྣམས་ཀྱིས་ངེས་པར་དོ་སྣང་བྱ་དགོས་ས་སོགས་བསླབ་སྟོན་རྒྱས་པར་གནང་བ་མ་ཟད། དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱིས་བསྡུ་ལེན་བྱ་མ་ཐུབ་པའི་སློབ་མར་དམིགས་གསལ་གྱིས་འཚམས་འདྲི་དང་བཅས་སྐྱེལ་མ་གནང་།

གསར་ཞུགས་སློབ་མར་མིང་ཐོ་འགོད་བཞིན་པ།

མིང་ཐོའི་ཨང་གྲངས་ལ་ཞིབ་བཤེར་བྱེད་ཀྱིན་པ།

སློབ་ཞུགས་སློབ་མར་རྒྱུགས་རའི་གནས་ཚུལ་གསུང་བཞིན་པ།

སློབ་མ་གསར་བསྡུའི་སྐབས་ཀྱི་ཡུལ་དངོས།

དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་རྒྱུགས་རའི་ནང་དུ་གཟིགས་ཞིབ་གནང་བཞིན་པ།

རྒྱུགས་ར་སོ་སོའི་ནང་དུ་ཡིག་རྒྱུགས་ལེན་བཞིན་པ།

རྒྱུགས་འབྲས་ཀྱི་སྐར་མ་རྒྱག་བཞིན་པ།

དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་རྣམས་ལ་ལམ་སྟོན་བསླབ་བྱ་གནང་བཞིན་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2019-09-09 ལྟ་ཀློག (7843)