བོད་ལྗོངས་ནག་ཆུ་སོག་ཤོད་སྨན་རྩིས་ཀུན་ཕན་གླིང་གི་གསར་འགྱུར།

བོད་ལྗོངས་ནག་ཆུ་སོག་ཤོད་སྨན་རྩིས་ཀུན་ཕན་གླིང་གི་གསར་འགྱུར།


      སྤྱི་ལོ་༢༠༡༩་ལོའི་ཟླ་༨པའི་ཚེས་༡༥་ཉིན་ནས་བཟུང་བོད་ལྗོངས་ནག་ཆུ་སོག་ཤོད་སྨན་རྩིས་ཀུན་ཕན་གླིང་ནས་བོད་ཀྱི་གསོ་རིག་མཁས་དབང་སློབ་དཔོན་༧བསྟན་སྲུང་གྲགས་པས་གསོ་རིག་རྒྱུད་བཞི་ལས་སྦྱོང་བྱེད་ལས་ལྔ་དང་དེའི་ལོག་གནོན་རྩ་སྦྱོང་གི་ལུང་དང་ཞིབ་ཁྲིད་བཅས་དེར་འདུས་པའི་མདོ་དབུས་ཁམས་གསུམ་གྱི་སྨན་ཕྲུག་ཡོངས་ལ་གནངས་ཤིང་།

       སྤྱི་ལོ་༢༠༡༩་ལོའི་ཟླ་༩་བའི་ཚེས་༡་གི་དགོང་མོར་ལེགས་པར་གྲུབ་ཅིང་སྨན་ཕྲུག་ཡོངས་དང་སོག་ཤོད་སྨན་རྩིས་ཀུན་ཕན་གླིང་ན་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་དྲུག་ཀྱང་ནང་དུ་ཚུད་དེ་བསླབས་འབྲས་དཔང་ཡིག་བླངས།


སློབ་དཔོན་༧བསྟན་སྲུང་གྲགས་པས་སྦྱོང་བྱེད་ལས་ལྔ་དང་དེའི་ལོག་གནོན་རྩ་སྦྱོང་གི་ལུང་དང་ཞིབ་ཁྲིད་གནང་བཞིན་པའི་སྐབས།


དཔང་ཡིག་སྤྲད་དེ་མཉམ་པར་བསྒྲོན་པ།


སོག་ཤོད་སྨན་རྩིས་ཀུན་ཕན་གླིང་ན་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ།

གསར་འགོད་པ། ལི་ཐང་ཕུན་ཚོགས།

རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2019-09-02 ལྟ་ཀློག (5028)