རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གདན་ཞུ་བྱས་པ།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གདན་ཞུ་བྱས་པ།

    2019.ལོའི་སྤྱི་ཟླ8ཚེས20 ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཀྲུང་དབྱང་བརྙན་འཕྲིན་ཁང་གི་འཕྲིན་ལམ་བདུན་པས་གདན་ཞུ་བྱས་ཏེ་རྒྱལ་ས་པེ་ཅིང་ལ་ཆིབས་བསྒྱུར་གནང་།

     ཐེངས་འདིར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ནོར་སྲིད་འཕྲིན་ལམ་མདོ་འཛིན་པ་ཏུན་ལས་ཅཱོན་གྱིས་བཅར་འདྲི་བྱས་པའི་བརྙན་ཕབས་བདེ་ལེགས་ངང་ལམ་ལྷོང་བྱུང་།

     ཐེངས་འདིར་རང་རྒྱལ་གྱི་གཞི་རིམ་འབྲོག་ཁུལ་དུ་ཐོན་ཁུངས་ཉུང་ཞིང་འཚོ་བཅུད་ཆེས་མཆོག་ཏུ་གྱུར་བའི་འབྲི་མོའི་འོ་ལས་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་རྩྭ་ཐང་བུ་མོའི་སློབ་གྲྭ་སོགས་ཀྱིས་མཚོན་པའི་གཞན་ཕན་རྐྱང་རྐྱང་གི་ཕྱག་ལས་ལ་རྒྱུས་ལོན་བྱས་རྗེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་འཁོར་བདུན་ཅུ་ལོན་པའི་དུས་སྟོན་གཏམ་བཟང་དུ་བསྒྲག་འཆར་འདུག

ཀྲུང་དབྱངས་བརྙན་འཕྲིན་ཁང་།

ཡུལ་དངོས་སུ་བཅར་འདྲི་བྱེད་ཀྱིན་པ།

  གསར་འགོད་པ་ལྷན་དུ་བསྐྱོན་པའི་མཉམ་པར།

གསར་འགོད་པ།   ཐེབ་ཐོགས་ཕྲུག


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2019-08-21 ལྟ་ཀློག (31472)