གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དཔེ་འཕྲིན་གཉིས་པ།

གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཉིས་པའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་མཐར་ཕྱིན་དཔེ་ཚོགས།

       《དྲན་པའི་མེ་ལོང་།》ཞེས་པ་ནི་ད་ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཉིས་པའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་མཐར་ཕྱིན་ཆེད་རྩོམ་ཡིན་ལ། དེབ་འདིའི་རྩོམ་ཡིག་དག་དཔེ་ཀློག་གི་གོམས་གཤིས་དང་འདུ་ཤེས་ལ་དམིགས་ཏེ་དཔེ་ཆ་བརྗེད་ཟིན་དུ་བཀོད་པའི་ཟིན་ཐོ་ཞིག་ཡིན། དེབ་འདི་ནི་སློབ་གྲོགས་དགུ་བཅུས་མི་ལོ་འདི་དག་གི་རིང་ལ་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་སྦྱོང་བགྱིས་པའི་མཐར་ཕྱིན་འབྲས་རྟགས་ཤིག་ཀྱང་ཡིན།

        ཆེད་དེབ་ཀྱི་དཔེ་ཆ་དག་ཀྱང་རང་རང་གི་འདོད་པ་ལྟར་དཔེ་ཆ་ཟིན་ཐོ་བཀོད་པ་ཙམ་མ་ཡིན་པར་ངེད་འཛིན་གྲྭར་བོད་ཡིག་དགེ་རྒན་གྱི་ལིང་འཇིགས་མེད་མཆོག་གི་མཛུབ་སྟོན་ལྟར། རྣམ་ཐར། ལོ་རྒྱུས། ཆོས་འབྱུང་། ལམ་ཡིག  གསུང་མགུར། གཏམ་རྒྱུད་སོགས་དཔེ་ཆ་ཚད་ལྡན་མང་བོ་མཚམས་སྦྱོར་བྱས་པས་བཀླགས་རྗེས་ཀྱི་མྱོང་ཟིན་གླེགས་བམ་དུ་བསྡེབས་པ་ལགས། དེ་བས་དཔེ་ཆ་ཚད་ལྡན་མང་བོ་བལྟ་རྒྱུ་ནི་རང་ཉིད་ཐག་རིང་ནས་ཐག་རིང་དུ་བགྲོད་པའི་ཐེམ་སྐས་ལྟ་བུ་སྟེ། དེང་གི་ཆ་འདི་ལ་དཔེ་བལྟས་ལ་མོས་པ་ཞན་ཁར་ང་ཚོ་གནའ་དེང་ཤེས་རིག་ལ་སྦྱོང་མཁན་ཞིག་དང་། སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་དུ་གཏོང་མཁན་ཡིན་པས། སྤྱིར་མི་ཚེ་འདིར་བོད་ཀྱི་གླེགས་བམ་མང་བོ་ཞིག་ལ་མཇལ་དཀའ་མོད་དེ་ལས་ཀྱང་དཔེ་ཆ་ཚད་ལྡན་འདེམས་པ་ལ་གལ་ཆེ་བར་གཞོལ་བས་དཔེ་ཆ་ལྟ་བར་སྐུལ་འདེད་ཀྱི་ཆེད་དུ་དཔེ་ཆ་མང་བོ་བཀླགས་པའི་ཟིན་ཐོ་དག་དཔར་དུ་བསྐྲུན་ཡོད།

        ང་ཚོས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སྙན་འགྲེལ་དབྱངས་ཅན་དགྱེེས་གླུ་ལ་སློབ་སྦྱོང་ཕྲན་ཙམ་བྱས་པ་དང་།《སྨྲེང་བ་འཐུ་བའི་ཁུ་བྱུག》ཅེས་པའི་དེབ་འདིའི་ནང་དུ་ད་སྔ་སློབ་གྲོགས་དག་གིས་བྲིས་པའི་སྦྱངས་རྩོམ་དག་ཕྱོགས་བཏུས་བྱས་ཏེ་དཔར་དུ་བསྐྲུན་པ་ཞིག་ཡིན་ལ། དེ་ལས་ང་ཚོའི་དགའ་སྐྱོ་དང་དྲན་གདུང་མཐའ་དག་ཡིག་འབྲུའི་ལམ་ནས་མཚོན་པར་བྱས་པའི་ལེགས་སྐྱེས་ཆུང་ཆུང་ཞིག་ཀློག་པ་བོའི་སྤྱན་སྔར་འབུལ་བ་ལགས།

     གངས་དཀར་བུ་བརྒྱུད་དམ་མཐར་ཕྱིན་གཉིས་པའི་༼ ཁྲེལ་གཞུང་སྦྲུམ་པའི་མཆི་མ།༽ཞེས་པའི་དེབ་ཆུང་འདི་ནི་ཕུ་ནུ་དགུ་བཅུའི་གྱེས་བྲལ་གྱི་མཆི་མ་སྨྱུག་རྩེ་རུ་བཞུར་བའི་སྐྱེལ་ཚིག་དང་དྲན་རྟེན་འདྲ་པར་ཕྱོགས་བསྒྲིགས་ཡིན།

ཁྲེལ་གཞུང་སྦྲུམ་པའི་མཆི་མ།

ཇ་ལོའི་སྙན་ངག རྩོམ་པ་བོ། གཟི་ཆུང་།

མཐོ་སྒང་གི་སྐྱ་མི།  རྩོམ་པ་བོ།  སྤྱང་བློ་ཤེར་དང་རྔ་མེ་སྟག

ངག་གི་ཟིལ་བ། རྩོམ་པ་བོ།  བློ་བཟང་ཆོས་གྲགས།

ལོ་རྒྱུས་ཀྱི་དྲིས་ལན་བློ་གསལ་ངག་གི་མཚོན་ཆ། རྩོམ་པ་བོ།  ཕག་མོ་བཀྲ་ཤིས།

འོད་ཀྱི་ཀོང་བུ་འོད་དུ་འཚེར། རྩོམ་པ་བོ། སཱ་ལུ་ཆུང་།

ངག་གི་མེ་ཏོག   རྩོམ་པ་བོ། ཤེས་རབ་འོད་ཁྱིམ་ཚང་།


མཛུབ་སྟོན་དགེ་རྒན།
དགེ་རྒན་གྱི་ལིང་འཇིགས་མེད།
དགེ་རྒན་བློ་བཟང་ཤེས་རབ།
རྩོམ་སྒྲིག་པ།
བློ་ཤེར། བསོད་ནམས་རྡོ་རྗེ། དཔལ་ལྡན་ཕུན་ཚོགས། བཀྲ་ཤིས། བསྟན་འཛིན་ཆོས་བཟང་། ཨ་བོད། བློ་བཟང་ལེགས་བཤད།
འབྲེལ་གཏུགས་ཁ་པར།

བློ་ཤེར། 

རྔ་བ། 18909759563
བསོད་ནམས་རྡོ་རྗེ།

ཆབ་མདོ། 18997456797
དཔལ་ལྡན་ཕུ་ཚོགས།

ཡུལ་ཤུལ། 18697858252
བཀྲ་ཤིས།

ཁྱུང་མཆུ།  15609758082
བསྟན་འཛིན་ཆོས་བཟང་།

ལྷ་ས།18935658365
ཨ་བོད།

སྡེ་དགེ། 18283629906
བློ་བཟང་ལེགས་བཤད།

མཚོ་ལྷོ།15909743838


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2019-07-11 ལྟ་ཀློག (6563)