ང་ཚོས་རིམ་གྱིས་བརྗེད་བཞིན་པའི་བོད་ཀྱི་གུས་སྲོལ་ཉེར་གཅིག

ང་ཚོས་རིམ་གྱིས་བརྗེད་བཞིན་པའི་བོད་ཀྱི་གུས་སྲོལ་ཉེར་གཅིག

那些我们渐渐淡忘的藏族礼节

1. ཡུན་རིང་མ་འཕྲད་པའི་གྲོགས་པོར་ཐུག་ན་མགོ་བོ་དལ་བུར་གཏུགས་པའམ་ཡང་ན་སྐེ་འཇུ་དང་ལག་འཇུ་བྱེད་བཞིན་ངག་ནས་བདེ་མོ། ཨེ་དཀའ་ཐལ། བཀྲ་ཤིས་བདེ་ལེགས། ཡང་ན་ཚེ་རིང་ཞེས་ཁམས་བདེ་ཞུ།
1、与久别的亲人和老朋友重逢要先互相碰头或拥抱或吻脸然后问候德莫༽或(呷呃啼) 或(扎西德勒)或(次仁)
2.མི་གཞན་པའི་ལྭ་བ་དང་ཅ་ལག་གི་སྟེང་ནས་ལྡིང་མི་རུང་ལ། དེ་བས་ཀྱང་མི་གཞན་པའི་ལུས་ཐོག་ནས་ལྡིང་མི་རུང་།
2、不能跨过或踩在别人的衣服上,更不能从人的身上跨过去。
3. ཐག་རྡང་ལ་གཡེང་བའི་གཞན་གྱི་ལྭ་བ་སོགས་ཀྱི་འོག་ནས་འཛུལ་མི་རུང་།

3、不能在别人晾衣服的绳子、线和衣服底下穿过去。

4.ཁང་ཁྱིམ་ནས་ཁ་སི་ (ཤི་སྒྲའམ་གཞུག་ག)ལྷག་པར་དུ་དགོང་མོར་འདེབས་མི་རུང་།
4、不能在屋里吹口哨,尤其是晚上不能吹口哨!
5.ཉིན་གུང་དང་ས་སྲོད་ཀྱི་དུས་སུ་ཁྱིམ་མི་དང་མགྲོན་པོ་ཕྱིར་འགྲོ་བ་འམ་སྒོ་ཕྱི་ལ་འབུད་སྐབས་ཐལ་བ་དང་ཁྱིམ་ཕྱགས་འཕོད་མི་རུང་།  ལྷག་པར་དུ་ལོ་སར་གྱི་སྐབས་སུ་མཉམ་འཇོག་དགོས།  
5、下列情况下不能扫地或倒垃圾:家里人出远门;客人刚走;中午和太阳落山后及藏历大年初一。
6.བླ་མ་དང་མི་ཆེན་མིན་ན་ཤི་བོའི་མིང་གིས་འཛིན་མི་རུང་།
6、不能提已故人的名字,除非喇嘛和伟人。
7དཀར་ཡོལ་སེར་ཁ་ཅན་དང་ཁ་ཚག་ཅན་གྱི་ནང་དུ་བཟའ་བཏུང་བྱེད་མི་རུང་ལ།  ལྷག་པར་དུ་མགྲོན་པོར་གསོལ་ཇ་སོགས་འདྲེན་མི་རུང་།
7、有缺口或有裂缝的碗,不能用来吃饭,也不能给客人倒茶。
8. བ་མ་དང་སླ་ང་སོགས་ཟས་སྤྱོད་ཀྱི་སྣོད་ཆའི་ཐོག་ཏུ་ལྡིང་བའམ་རྐང་བ་འཇོག་པ་སོགས་བྱེད་མི་རུང་།

8、不能跨或踩吃饭的用具、锅碗、瓢盆等。

9. གནས་རི་འགང་ཆེན་དང་ཆུ་མགོ། ཆུ་ཆེན་སོགས་ཀྱི་ནང་དུ་མི་གཙང་བ་འཕེན་པ་དང་། གཅིན་སྐྱག་གཏོང་བའམ་ཡང་ན་ཐལ་བ་དང་ཁྱིམ་ཕྱགས་སོགས་འཕེན་མི་རུང་།
9、 不能弄脏泉眼,也不能弄脏污染神山附近、水源流域(包括吐唾沫、大小便、扔垃圾)。
10.བུད་མེད་ཀྱིས་དགོང་མོར་སྐྲ་ཤད་པའམ་སྐྲ་བཀྲུ་བ་ཡང་ན་སྐྲ་གཡེང་ནས་སྒོ་ཕྱི་ལ་འགྲོ་མི་རུང་།
10、妇女晚上不能梳头和洗头,也不能披着头发出门。
11.སྔར་སོང་མ་མྱོང་བའི་ས་ཆ་མེད་དང་རི་ཆེན་ལུང་ཆེན་དུ་ཐོན་ན་སྐད་ཆེན་པོས་འུར་བརྒྱག་མི་རུང་།
11、到你从来没有到过的大山及悬崖峡谷,不能大声喧哗。
12.ས་སྲོད་ཀྱི་དུས་སུ་ཕྱུགས་ཟོག་བཙོང་མི་རུང་ལ། ཁྱིམ་ཚང་གཞན་པར་སོང་ནས་འོ་མ་དང་མར་ཆུར་གྱི་རིགས་སློང་མི་རུང་།  བྱིས་པ་བཙས་མ་ཐག་པ་དང་བུད་མེད་བང་མ་ཡོད་པའམ་ཡང་ན་ནད་པ་དྲག་ཅན་ཡོད་པའི་ཁྱིམ་དུ་འགྲོ་བར་འཛེམ་དགོས། མི་ཆ་མེད་ཡིན་ན་ལྷག་ཏུ་འཛེམ་དགོས།

12、黄昏时,不卖牲畜,不去他家要财物(包括牛奶之类),不能随便到人家里走,尤其人家将有分娩的孕妇及刚生产的产妇或重病人时,陌生人更不能去。

13.བེད་སྤྱོད་བཏང་ཟིན་པའི་རྡོ་དང་ཕྱགས་མ། སྙིགས་གཞོང་སོགས་ཐད་ཀར་མི་གཞན་པའི་ལག་ཏུ་འཇོག་མི་རུང་ལ།  གལ་སྲིད་འཇོག་དགོས་ནའང་ཐོག་མར་རང་གིས་ཐང་ལ་བཞག་སྟེ་མི་གཞན་པ་དེས་ཡར་ལེན་དགོས།
13、在使用扫把和簸箕石头时,不能直接用手传递,必须先放在地上,然后另一个人从地上捡起来。
14.ཁྱི་ཤ་དང་རྟ་ཤ་གཏན་ནས་ཟ་མི་རུང་།
14、决不能吃狗肉和马肉!
15.མི་གཞན་གྱི་སྔུན་ནས་གཡག་བཏང་མི་ཆོག་ལ་ལྷག་པར་དུ་རྒན་རབས་པའི་མདུན་དང་ཟ་མ་བཟའ་བའི་སྐབས་སུ་མི་རུང་།
15、不能在别人跟前放屁,尤其是长辈及吃饭时。
16.མི་གཞན་གྱི་མགོར་ལག་པ་འཇོག་མི་རུང་ལ་གང་འདོད་དུ་ཕྲག་པར་རྡེབ་རྡེབ་ཀྱང་བྱས་མི་ཆོག

16,手不能放在别人的头上,也不能搭拍别人的肩膀。

17.ཨོང་དོ་དང་རྐང་བ་ཅོག་ཙེ་ཐོག་ཏུ་འཇོག་མི་ཆོག
17.脚和臀部不能放到桌子上。
18.མི་གཞན་གྱི་རྐང་པའི་ཕྱོགས་སུ་མགོ་འཁོར་ནས་གཉིད་མི་རུང་ལ།  རྐང་སྣམ་དང་རྐང་འབོབ་སོགས་མི་གཙང་བའི་ལྭ་བའི་རིགས་སྔས་འགོར་འཇོག་མི་རུང་།
18.睡觉不能朝人家的脚的方向放头,裤子、袜子等不净衣物不能放枕头底下。
19.རང་གིས་ཟ་མ་མ་ཟོས་གོང་དུ་བསང་དང་ཇ་མཆོད་འབུལ་བ། ཅི་ཟ་གང་འཐུང་གི་ཐོག་མའི་ཟས་སྐལ་དཀོན་མཆོག་གསུམ་ལ་འབུལ་དགོས།

19.不管喝什么首先要敬一点献神灵,包括餐前煨桑和供茶祷告

20.  ཤི་བོ་མིན་ན་སྨྱུ་གུ་དམར་པོས་མིང་འབྲི་མི་རུང་།
20不能用红色的笔写在世人的名字。
21. ཞྭ་མོ་ཉིས་བརྩེགས་གོན་མི་རུང་།
21不能戴一个以上的帽子。
སྤུན་ཟླ་མི་རིགས་ལགས།  གུས་སྲོལ་འདི་དག་ཁྱེད་ཀྱིས་ད་དུང་དྲན་ནམ།
这些礼节,同胞们是否还记得吗?
 
གསར་འགོད་པ།  ཐེབ་ཐོགས་ཕྲུག་གིས་བསྒྱུར་བསྒྲིགས་བྱས།

རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2019-06-03 ལྟ་ཀློག (9441)