རྭ་རྒྱ་ཤེས་རིག་སློབ་གླིང་གི་སློབ་གྲོགས་ཚེ་དཔལ་སྐྱབས་ལ་རྟེན་འབྲེལ་ཞུ་འོས།

རྭ་རྒྱ་ཤེས་རིག་སློབ་གླིང་གི་སློབ་གྲོགས་ཚེ་དཔལ་སྐྱབས་ལ་རྟེན་འབྲེལ་ཞུ་འོས།

        རྒྱུས་ལོན་བྱས་པ་ལྟར་ན། ད་ལོར་སྟོང་སྐོར་ཕྱུགས་ལས་སློབ་གྲྭར་ཡིག་རྒྱུགས་སྤྲད་པའི་ཁྲོད་མགོ་ལོག་གི་སློབ་མ་ཡོངས་ལས་ཨང་དང་བོ་ཐོབ་མཁན་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་ད་ལོའི་མཐར་ཕྱིན་དང་བོའི་སློབ་གྲོགས་ཚེ་དཔལ་སྐྱབས་རེད། ཁོ་ནི་ཨ་མདོ་མགོ་ལོག་གི་མངའ་ཁོངས་རྨ་ཆེན་རྫོང་རྟ་བོ་གྲོང་བརྡལ་གྱང་རིང་སྡེ་བ་རུ་༢༠༠༢ལོར་སྐྱེས། ལོ་དྲུག་གི་སྟེང་དུ་ས་གནས་དེ་གའི་སློབ་ཆུང་འགྲིམས་ཤིང་མི་རིགས་རང་གི་ཐུན་མིན་གྱི་དབྱངས་གསལ་སོ་བཞིའི་སྦྱོར་ཀློག་གཙོས་རྒྱ་བོད་སྐད་ལ་ལེགས་པོར་བསླབས། ༢༠༡༣ལོར་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་བོར་ཞུགས།

     ༢༠༡༥ལོའི་དཔྱིད་ཟླ་འབྲིང་བོའི་རྫོགས་ལྡན་གྱི་དུས་སུ་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་ད་ལྟའི་བར་བོད་ཡིག་གཙོས་པའི་རྒྱ་བོད་དབྱིན་གསུམ་གྱི་སྐད་ལ་ཐོས་བསམ་ཕྲན་བུ་རེ་བྱས། 

     ༢༠༡༩ལོའི་སློབ་སྦྱོང་ཞོར་དུ་མགོ་ལོག་ཁུལ་གྱི་སློབ་གྲོགས་ཚོ་དང་མཉམ་དུ་སྟོང་སྐོར་ཕྱུགས་ལས་སློབ་གྲྭར་(青海畜牧兽医职业技术学院)ཡིག་རྒྱུགས་སྤྲད་པས་ཨང་དང་བོའི་མཚན་སྙན་ཐོབ།  ཁོ་རང་ཆུང་དུས་ནས་བརྩམས་སྒྲུང་ལ་དགའ་ཞེན་ཡོད་པས་སློབ་སྦྱོང་གི་ཞོར་དུ་རྒྱ་ཡིག་བརྩམས་སྒྲུང་ཅི་རིགས་ལུས་ངག་ཡིད་གསུམ་གྱིས་བཀླགས་ཤིང་།  ཁོམ་སྐབས་དང་བསྟུན་རྒྱ་ཡིག་གི་ལམ་ནས་བརྩམས་སྒྲུང་འབྲི་རྒྱུ་ཡང་དགའ་བོ་ཡོད།  དེ་བས་ཁོས་སྙན་ངག་ནི་རྩོམ་པ་བོའི་དགའ་སྐྱོ་ཆགས་སྡང་རི་མོར་བསྟར་བ་ཞིག་ཡིན་ཟེར།

ལྷུག་རྩོམ་གྱིས་རྩོམ་པ་བོའི་ཡིད་ཀྱི་དང་བ་འདྲེན་ཞིང་ཚོར་འདུ་ལྷོག་ལྷོག་ཏུ་ཀློག་པ་བོའི་སྤྱན་སྔར་བསྟར་ཐུབ་པ་ནང་བཞིན་བརྩམས་སྒྲུང་ཡང་སྣུམ་ཚོན་རི་མོ་བཞིན་འཚོ་བའི་ཕྱི་ནང་གསང་གསུམ་གྱི་བདེན་པ་ཀུན་རྟོག་གི་འཕྲོ་ཡུལ་དུ་རྣམ་པར་བཞད་ཐུབ།

     དེ་བས་བདག་ནི་འཚོ་བའི་རྙོག་འཛིང་དང་མི་སྒེར་གྱི་གཏམ་རྒྱུད་གང་རུང་གིས་ཁུག་སྣེ་བྱས་པའི་བརྩམས་སྒྲུང་ཐུང་ངུའི་རིགས་འཁྱོངས་ཚོད་ཀྱིས་འབྲི་བ་ནི་ཁོའི་མི་ཚེའི་ལངས་ཕྱོགས་གཙོ་བོ་ཡིན་ཞེས་བཤད་ཆོག  དེ་བས་ཁོ་བོ་བརྩམས་སྒྲུང་ལ་དགའ་བ་ནང་བཞིན་འཚོ་བ་ལ་ཧ་ཅང་དགའ་སྟེ་བརྩམས་སྒྲུང་ལེགས་པོ་ཞིག་བྲི་བ་ནི་འཚོ་བའི་བདེན་པ་དང་།  འཇིག་རྟེན་གྱི་ལངས་ཕྱོགས་བརྟན་པོ་ཞིག་ཡོད་པས་ཡིན་སྙམ་གྱིན་འདུག་ཟེར།


ཤེས་རིག་ནོར་བུའི་སློབ་གླིང་གིས་༢༠༡༩ལོར་སྟོང་སྐོར་ཕྱུགས་ལས་སློབ་གྲྭར་རྒྱུགས་སྤྲད་པའི་མགོ་ལོག་གི་སློབ་མ་ཡོངས་ཀྱི་ཁྲོད་མཐར་ཕྱིན་དང་བོའི་སློབ་བུ་ཚེ་དཔལ་སྐྱབས་ཀྱིས་རྒྱུགས་འབྲས་ཨང་དང་བོ་ལོན་པར་གཟེངས་བསྟོད་དང་སྐུལ་མ་བྱས་པའི་བསྟོད་བྱང་།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2019-05-08 ལྟ་ཀློག (7584)