ཐོན་རྫས་གསར་བ། བོད་མདངས་འབྲི་མོའི་འོ་ཇ།

བོད་མདངས་འབྲི་མོའི་འོ་ཇ།

    བོད་མདངས་འབྲི་མོའི་འོ་ཇ་ནི་དགེན་འཇིགས་མེད་རྒྱལ་མཚན་མཆོག་གི་སྣེ་ཁྲིད་འོག་ནས་དམུ་དགེ་བྱམས་ལྡན་བོད་ཀྱི་མཉམ་སྒྲུབ་ཚོང་སྡེ། རྨ་ཆེན་རྫོང་སྐོང་ཁྱུང་འབྲོག་ཐོན་དངོས་རྫས་ཕྱིར་བཙོང་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།    རྨ་ཆེན་རྫོང་གསེར་ལུང་ནོར་ལུག་གསོ་སྤེལ་ཆེད་གཉེར་མཉམ་ལས་ཁང་དང་བོད་རིགས་ན་གཞོན་དྲུག་བཅས་ཐུན་མོང་གིས་གསར་བཟོ་བྱས་པ་ཡིན།

     མཐུན་ཚོགས་ཀྱི་ལོ་ངོ་གཉིས་གསུམ་རིང་གི་ལས་གཉེར་སྟོབས་ཤུགས་ལ་བརྟེན་ནས་ཁྲོམ་རར་རྟོག་ཞིབ་བྱས་པའི་འཇུག་འབྲས་ནི་བོད་ཁུལ་གྱི་མི་རྣམས་ཀྱི་འཛད་སྤྱོད་ནུས་པ་གོང་འཕེལ་དུ་སོང་བ་དང་བསྟུན།མི་རྣམས་ལ་སྔར་ལས་ལྷག་པར་འོས་ཤིང་འཚམས་པ་དང་།བདེ་ཐང་ཡིན་པའི་ཐོན་རྫས་དགོས་མཁོ་ཡོད་ལ། དེར་བརྟེན་ང་ཚོས་རྒྱལ་ནང་གི་ཕུལ་བྱུང་རིམ་པའི་ཟས་རིགས་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་མཉམ་འབྲེལ་སྒོས།ཐེངས་བརྒྱ་ལྷག་གི་ཞིབ་འཇུག་གསར་སྤེལ་བྱས་པ་བརྒྱུད།འབྲི་མོའི་འོ་མའི་བྲོ་བ་མ་ཡལ་བའི་བོད་ཀྱི་འོ་ཇ་འདི་གསར་བཟོ་བྱེད་ཐུབ་པ་བྱུང་།འདི་ནི་ནས་དང་འབྲི་མོའི་འོ་མ།གྲོ་མ་བཅས་ཞིམ་ཟས་རིགས་གསུམ་གཅིག་ཏུ་བསྡེབས་ནས་བྱུང་བ་ཞིག་ཡིན།ཐོན་རྫས་ཀྱི་མཛེས་རིས་ནི་པེ་ཅིན་གྱི་དགེ་རྒན་ཆེན་མོ་ཕིན་ལེན་གྱིས་དངོས་སུ་ཇུས་འགོད་བྱས་པ་ཡིན་པས།  དེང་རབས་དང་སྲོལ་རྒྱུན་གྱི་རི་མོ་འབྲི་ཐབས་ལ་བརྟེན་ནས་འཛད་སྤྱོད་པར་མི་རིགས་ཀྱི་རིག་གནས་ཉིང་བཅུད་མཚོན་པར་བྱས་ཡོད། ད་ལྟ་བོད་མདངས་འབྲི་མོའི་འོ་ཇ་ལེགས་འགྲུབ་བྱུང་ནས་མཚོ་སྔོན་ཞིང་ཆེན་གཙོས་རྒྱལ་ཁབ་ཕྱི་ནང་གི་ཚོང་ར་སོ་སོར་འགྲེམ་སྤེལ་བྱེད་བཞིན་ཡོད་པས་རྒྱ་ཆེ་བའི་འཛད་སྤྱོད་པ་དག་གི་རྒྱབ་སྐྱོར་བྱེད་རྒྱུ་མཁྱེན།

འབྲི་སེའུ་བྲོ་བ། འབྲི་མོའི་འོ་ཇ།

འོ་མའི་བྲོ་བ། འབྲི་མོའི་འོ་ཇ།

ཚོང་རའི་ཐོན་རྫས།

ཚོང་འབྲེལ་བྱ་ཡུལ། བསྟན་ཁོ།15810498733

གསར་འགོད་པ།  བསྟན་ཁོ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2019-04-29 ལྟ་ཀློག (21953)