དམ་པ་བཅུ་གཉིས་ཀྱི་གསུང་གི་ལེགས་བཤད།

དམ་པ་བཅུ་གཉིས་ཀྱི་གསུང་གི་ལེགས་བཤད།

2019/01/30 19:48

གསེར་ལག་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་བསྒྱུར།

1.   ངས་ཤེས་པ་ནི་བདག་གིས་ཅི་ཡང་མི་ཤེས་པ་དེའོ།།

2.   འཇིག་རྟེན་འདིར་རིགས་གཉིས་ཡོད་དེ། གཅིག་ནི་བག་ཕེབས་སྤྲོ་སྐྱིད་ཀྱི་ཕག་པ་དང་ཡང་གཅིག་ཤོས་ནི་སྡུག་བསྔལ་ཅན་གྱི་མི་ཡིན། སྡུག་བསྔལ་ལྡན་པའི་མི་ཞིག་བྱེད་པ་ལས་སྤྲོ་སྐྱིད་ཀྱི་ཕག་པ་བྱེད་ག་ལ་རུང་།

3.   ཞིབ་བཤེར་དང་སྡོམ་རྩིས་མི་བྱེད་པའི་མི་ཚེ་ལ་རིན་ཐང་གང་ཡང་མེད།

                            ——སོ་ཀི་ལ་ཏེ།༼གནའ་བོའི་ཀི་རབ༽

1.ང་ཚོས་ནམ་ཡང་འཚོལ་བཞིན་པ་ནི་མ་གཞི་ནས་རང་ཉིད་ལ་ལྡན་མོད་ཀྱི། ཡིན་ནའང་ང་ཚོས་ནམ་རྒྱུན་ཕྱི་རོལ་ཏུ་འཚོལ་བ་ནི་རང་ཉིད་ལ་དགོས་འདོད་པའི་སྒེར་སེམས་དེ་ཕྱི་རུ་མངོན་པ་ཙམ་ལས་མ་འདས། དེ་ནི་ད་ལྟའི་བར་ང་ཚོ་འདོད་དོན་ཡིད་བཞིན་དུ་འགྲུབ་མི་ཐུབ་པའི་རྒྱུ་རྐྱེན་ཡིན།
2.མཁས་པས་འཆད་ཀྱིན་པ་ནི་ཁོང་ཚོར་འཆད་འདོད་པའི་སྐད་ཆ་ཡོད་པས་ཡིན་ལ། བླུན་པོས་འཆད་པ་ནི་ཁོ་ཚོས་སྐད་ཆ་བཤད་འདོད་པ་ཙམ་མོ།།

3.བྱིས་པ་དག་མུན་པ་ལ་ཞེད་པ་ནི་ཁག་མེད་པ་ཞིག་ཡིན་མོད། ཡིན་ནའང་མི་དར་མ་རྣམས་འོད་སྣང་ལ་སྐྲག་པ་ནི་མི་ཚེའི་སྐྱོ་གར་ངོ་མ་དེ་ཡིན།

                               ——པོ་ལ་ཐོ།༼གནའ་བོའི་ཀི་རབ༽

1.མི་ཚེའི་མཐར་ཐུག་གི་རིན་ཐང་ནི་གོ་རྟོགས་སད་པ་དང་བསམ་གཞིག་གི་ནུས་པ་ཡིན་པ་ལས་འཚོ་ཐབས་བྱེད་པ་ཙམ་གཏན་ནས་མིན།

2.བདེ་སྐྱིད་ནི་རང་གི་བླ་སྲོག་གི་རྣམ་ཤེས་དེ་ཉིད་ཆེས་འོས་འཚམ་གྱི་གནས་སུ་འཇོག་ཤེས་པ་དེའོ།།

                           ——ཡ་ལེ་ཧྲི་ཏོ་ཏི།༼གནའ་བོའི་ཀི་རབ༽

1.ཁྱེད་ཀྱིས་ཅི་ཞིག་ལ་སེམས་ཁྲལ་བྱས་ན་གང་དེས་ཁྱེད་ཉིད་ལ་ཚོད་འཛིན་བྱེད་པ་ཡིན།

2.མཁོ་བའི་མན་ངག་མང་བོ་ཞིག་ལ་སློབ་སྦྱོང་བྱེད་དགོས་པ་ལས་འཕྲལ་དུ་གཞན་དག་མང་བོ་ཞིག་སློབ་མི་དགོས།

                              ——ཡོ་ཧན•ལོ་ཁི།༼དབྱིན་ཇི༽

1.དགའ་ཡང་ཆོག་ལ་སྡུག་ཀྱང་རུང་། བསམ་གཞིག་དང་ཚོར་བ། ཞིབ་དཔྱད་གང་ཞིག་བྱས་ཀྱང་ཆོག་མོད། ཡོད་དོ་ཅོག་རྟོགས་སད་ལས་གང་ཡང་མ་འདས།
2.ང་ཚོས་བློ་རྩེ་གཅིག་གིས་མིའི་རིགས་ཀྱི་འཚོ་བའི་སྟོང་སྣང་ལ་ཞིབ་འཇུག་བྱས་ཏེ་འབྱོར་བས་ཕྱུག་ཅིང་སྙན་གྲགས་འབར་བའི་འཁྲུལ་སྣང་ལ་བསམ་བློ་གཏོང་དུས། གཅིག་བྱས་ན་ང་ཚོས་གཅན་བུའི་ངོ་སྲུང་གི་རང་ཉིད་ཀྱི་སྒྱིད་ལུག་གི་རང་གཤིས་དེའང་མངོན་བཞིན་ཡོད།

                                 ——ཏ་བེ•ཞོའུ་མོ།༼དབྱིན་ཇི༽

1.རང་དབང་ནི་གང་དྲན་དྲན་བྱེད་པ་དེ་མ་ཡིན་པར་ཁྱེད་ཀྱིས་གང་ཞིག་སྒྲུབ་མི་འདོད་པ་དེ་མ་སྒྲུབ་ནའང་ཆོག་པ་དེའོ།།
2.འཇིག་རྟེན་འདིར་མི་སེམས་གཡོ་བར་བྱེད་ཐུབ་པ་གཉིས་ཡོད་དེ། གཅིག་ནི་ང་ཚོས་སེམས་གཏིང་ནས་བླ་ན་མཐོ་བའི་ཀུན་སྤྱོད་ཡིན་ལ། གཞན་དེ་ནི་སྐར་ཚོགས་ལྷམ་མེར་འཚེར་བའི་ནམ་མཁའོ།།

3.རླུང་ལངས་པ་ནི་དོན་ལ་གཞན་གྱིས་བཟོས་པའི་ནོར་འཁྲུལ་གྱིས་རང་ཉིད་ལ་ཉེས་ཆད་གཅོད་པ་ལས་གང་ཡང་མ་འདས།

                                       ——ཁཱང་ཏི།༼འཇར་མན༽

1.འདུན་མ་ལ་ལེགས་འགྲུབ་ཡོད་པའི་མི་ནི་གི་ཏིས་གསུངས་པ་ནང་བཞིན། རང་གིས་རང་གཅུན་ཤེས་པ་དེ་ཡིན་ལ། དེ་ལས་ལྡོག་ན། གང་ཞིག་སྒྲུབ་བསམ་ནའང་མི་དེས་དོན་ངོ་མར་ཅི་ཡང་སྒྲུབ་མི་ནུས་པར་མཐར་ཕམ་ཁ་འབྱུང་བ་ལས་གནས་མེད།
2.བླུན་རྨོངས་པ་དག་ནི་ཆེས་རང་དབང་མེད་པ་ཡིན་ཏེ། རྒྱུ་མཚན་ནི་ཁོ་རང་གི་འཇིག་རྟེན་ཡོད་ཚད་མུན་པས་ཁེབས་ཡོད་པས་སོ།།
3.ཕུགས་ཟབ་པའི་བསམ་བློ་ནི་སྡུག་བསྔལ་ཆེ་ལ་མཛེས་སྡུག་ཀྱང་ལྡན།

                                  ——ཧེ་ཀི་ཨར།༼འཇར་མན༽

1.མི་ཞིག་ཁེར་རྐྱང་ངང་གཅིག་པུར་སྡོད་དུས་ད་གཟོད་རང་ཉིད་ངོ་མ་རྟོགས་ཐུབ་ལ། གལ་ཏེ་སུ་ཞིག་གཅིག་པུར་སྡོད་མི་འདོད་ན་དེ་ཉིད་རང་དབང་ལའང་མི་དགའ་སྟེ། རྒྱུ་མཚན་ནི་སུ་ཞིག་རང་ཉིད་གཅིག་པུར་སྡོད་སྐབས་ད་གཟོད་རང་དབང་ངོ་མ་དེ་ཡོད་པས་སོ།།
2.ཚད་ངེས་ཅན་ཞིག་གི་ཁེར་རྐྱང་གི་ཁོར་ཡུག་མེད་ན་ནང་སེམས་ཀྱི་ཞི་བདེ་དེའང་འོང་ཐབས་བྲལ།
3.མིའི་རང་གཤིས་ལ་མངའ་བའི་ཆེས་དམིགས་བསལ་གྱི་ཞན་ཆ་ཞིག་ཡོད་པ་ནི། གཞན་གྱིས་རང་ཉིད་ལ་ལྟ་སྟངས་ག་འདྲ་ཞིག་འཛིན་ནམ་སྙམ་པའི་རེ་དོགས་དེའོ།།

                              ——ཧྲུའུ་པིན་དཔའ།༼འཇར་མན༽

1.འཚོ་བའི་གར་སྟབས་ཀྱི་ཡོ་ལང་མེད་པའི་ཉི་མ་རེ་རེ་ནི་ཚེ་སྲོག་ལ་རེ་བས་སྟོངས་པའོ།།
2.དོན་ལ་མི་དང་ལྗོན་ཤིང་ནི་གཅིག་མཚུངས་ཡིན་ཞིང་། མཐོ་སའི་ཉི་འོད་ལ་ཇི་ལྟར་བསྙེག་ཐུབ་ན་དེའི་རྩ་བའང་མུན་པའི་གནས་ལ་དེ་ལྟར་བསྲིང་ཐུབ།
3.ཀུན་སྤྱོད་ལ་རིགས་གཉིས་ཡོད་དེ། རང་སྐྱ་ཐུབ་ཅིང་སྤོབས་པ་ལྡན་པ་དག་ལ་རྗེ་བོའི་ཀུན་སྤྱོད་ཟེར་ཞིང་། ཁེངས་སྐྱུང་དང་གུས་ཞབས་ལ་བརྩི་བཀུར་བྱེད་མཁན་ལ་གཡོག་པོའི་ཀུན་སྤྱོད་ཟེར་རོ།།

                                        ——ཉི་ཚེ།༼འཇར་མན༽

1.སྐྱེ་འཆིའི་དོན་སྙིང་ནི། ཁྱེད་རང་ཚད་མེད་པར་འཆི་བའི་ཕྱོགས་སུ་གོམ་པ་སྤོ་བའི་སྐབས་ད་གཟོད་གཞི་ནས་ཚེ་སྲོག་གི་དོན་སྙིང་ངོ་མ་དེ་རྟོགས་ཐུབ།
2.མི་ཚེ་ནི་སློབ་གླིང་ཞིག་དང་འདྲ་ཞིང་། གནས་དེ་རུ་བདེ་སྐྱིད་ལས་ཀྱང་སྡུག་བསྔལ་ནི་ད་གཟོད་ཆེས་བཟང་བའི་དགེ་རྒན་ཡིན་ཏེ། རྒྱུ་མཚན་འཚོ་གནས་ནི་ཁེར་རྐྱང་གི་གཡང་རོང་དུ་ཡོད་པས་སོ།།
3.ལྷིང་འཇགས་ཀྱི་འཚོ་བ་རོལ་ནས། ཐ་ན་བསིལ་རླུང་གི་སྒྲ་ཙམ་ལའང་ཞིབ་པར་མཉན་ན་ད་གཟོད་སྙན་ངག་གི་ཚོར་འདུ་ངོ་མ་དེ་རྟོགས་ཐུབ།

                                  ——ཧེ་ཏི་ཀི་ཨར།༼འཇར་མན༽

1.ཧམ་སེམས་ཆེ་བ་ལས་རང་ཉིད་ཀྱི་རེ་ཐག་ཆད་ན་དགའ་བ་ལ།
2.བསམ་བློ་བདེ་ཐང་ཡིན་པའི་མི་ནི་ནམ་ཡང་བྱ་བར་འབད་བརྩོན་དང་ལྷད་མེད་ཀྱི་བརྩེ་སེམས་ལྡན་ཞིང་། འདི་གཉིས་ཡོད་ན་ལས་དོན་གཞན་དག་སྒྲུབ་པ་ལའང་དཀའ་སྡུག་གང་ཡང་མེད།
3.མི་ཚེའི་ནང་ཆེས་སློང་མོ་བྱེད་མི་རུང་བ་གཉིས་ཡོད། གཅིག་ནི་སློང་མི་རུང་བའི་དངུལ་སྒོར་དང་གཞན་ཤོས་ནི་དང་ལེན་བྱ་མི་རུང་བའི་བརྩེ་བའོ།།

                                      ——ཧྥེ་ལོ་ཡེ་ཏི།༼ཨོ་ཏེ་ལེ༽

1.གལ་སྲིད་ཁྱེད་རང་གཅིག་པུར་སྡོད་དུས་སུན་སྣང་འབྱུང་བ་ནི་ཁྱེད་རང་ད་དུང་ཡང་རང་ཉིད་ཀྱི་གྲོགས་པོ་རྣལ་མ་ཞིག་ཏུ་གྱུར་མེད་པ་དེ་མཚོན་པ་ཡིན།
2.གལ་ཏེ་འགའ་ཞིག་ལ་འགྱུར་བ་གཏོང་འདོད་ན་སྔོན་ལ་མང་བོ་ཞིག་དང་ལེན་བྱ་དགོས།
3.འཚོ་བ་ནི་མིས་འཚོ་བར་མ་རོལ་བའི་སྔོན་ལ་བརྗོད་དོན་གང་ཡང་མེད་པ་དང་དེའི་རིན་ཐང་ནི་ཏག་ཏག་ཁྱེད་ཀྱིས་འདེམས་ཟིན་པའི་དོན་སྙིང་ངོ་མ་དེ་ཡིན།

                                         ——སཱ་ཐིག༼ཧྥ་རན་སི༽
གསར་འགོད་པ།  གངས་རིའི་རྨི་ལམ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2019-04-08 ལྟ་ཀློག (7748)