ཨེ་ཙིའི་ནད་པ་ཞིག་བཅོས་ཐབས་བྱུང་བ།


ཨེ་ཙིའི་ནད་དུག་བཅོས་ཐབས་བྱུང་བ། 

   ༡༩༨༡ལོརའཛམ་གླིང་ཧྲིལ་བོར་ཨེ་ཙིའི་ནད་ཡམས་ཁྱབ་པ་ནས་བཟུང་།  དག་དག་མི་ལོ་སོ་བརྒྱད་ཀྱི་རིང་འདིར་ཨེ་ཙིའི་ནད་པ་ཁྲི་སྟོང་གསུམ་ལྔ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་ལ། དེ་ལས་དེ་རིང་བར་མི་གཉིས་མ་གཏོགས་སངས་དྲག་བྱུང་མ་ཐུབ། (ལོན་ཏོན་ནད་པའི-the London patient )ཚབ་མིང་ཅན་གྱི་ནད་པ་འདི་ནི་ཧ་ལམ་ཨེ་ཙིའི་ནད་སངས་དྲག་བྱུང་བའི་ནད་པ་གཉིས་པ་རེད་འདུག གནས་ཚུལ་འདིར་འཛམ་གླིང་ཧྲིལ་བོས་དོ་སྣང་ཆེན་པོ་སྤྲོད་ཀྱིན་ཡོད། རྒྱུ་མཚན་ཨེ་ཙིའི་ནད་སངས་དྲག་བྱུང་བའི་ནད་པ་དང་པོ་ནི་མི་ལོ་ཧྲིལ་བོ་བཅུ་གཉིས་ཡར་སྔོན་གྱི་ཚབ་མིང་ལ(པོ་ལན་སྒྲིའི་ནད་པ)གསོལ་བའི་སྐུ་ཞབས་ཏེས་མོའུ་ཞུ•པུ་ལང་ཡིན་ལ།ཐེངས་འདིའི་ཐོལ་བརྒལ་རང་བཞིན་ཅན་གྱི་བཅོས་ཐབས་ཀྱིས་སླར་ཡང་ཚན་རིག་དང་གསོ་རིག་སྡེ་ཁག་ལ་རེ་བ་གསར་བ་ཞིག་སྦྱིན། 

   གསར་འགྱུར་འདི་ནི་སངས་དྲག་བྱུང་བའི་ནད་པ་དེར་ཟླ་བཅུ་གཉིས་རིང་ལ་སྨན་བཅོས་བྱས་པའི་རྗེས་སུ་བསྒྲགས་པ་ཞིག་ཡིན། ནད་རིགས་ཞིབ་འཇུག་མཁན་གྱིས་བཅོས་ཐབས་དེ་བསྐྱར་དཔར་བྱེད་གྲབས་བྱས་ཀྱང་ལེགས་འགྲུབ་མ་བྱུང་། འོན་ཀྱང་ཁོ་ཚོས་བཤད་པ་ལྟར་ན་ཨེ་ཙིའི་ནད་འདི་བཅོས་ཐབས་ཅུང་དཀའ་བ་ཞིག་འདུག་ཀྱང་རྦད་དེ་སྐྱོབ་ཐབས་མེད་པ་ཞིག་མ་རེད་ཟེར།

   བརྟག་དཔྱད་བྱེད་མཁན་གྱིས་ཁོ་ཚོའི་སྙན་ཞུ་དེ་གཟའ་འདིའི་རེས་གཟའ་མིག་དམར་ཉིན(རབ་བྱུང་།)དུས་དེབ་སྟེང་འཁོད་ཡོད་པ་དང་། ནད་པའི་ནད་རྟགས་དང་བཅོས་སྟངས་སོགས་གནས་ཚུལ་ཞིབ་ཅིང་ཕྲ་བ་ཟེ་ཡ་རོའི西雅图ནད་དུག་ལྡོག་ཕྱོགས་སུ་འཕོ་འགྱུར་བྱུང་ཚུལ་དང་ནད་དུག་འགོས་ཚུལ་གྱི་གྲོས་མོལ་ཚོགས་འདུའི་སྟེང་སྒྲོག་རྒྱུ་རེད། 


ཐེངས་འདིའི་ཞིབ་འཇུག་ལ་སྣེ་ཁྲིད་གནང་མཁན་ལོན་ཏོན་སློབ་ཆེན་གྱི་ནད་དུག་ཞིབ་འཇུག་མཁན་རྒྱ་གར་གྱི་ཚན་རིག་པ་རེ་བན་ཏ•ཀོའུ་ཕུ་ཐ་ལགས། 


ཚོན་ལྡན་འོད་འགྱེད་ཕྲ་མཐོང་ཆེ་ཤེལ་འོག་གི་ཨེ་ཙིའི་ནད་དུག་ལྗང་གུ་ཁྲག་གི་ཕྲ་ཕུང་སེར་བོའི་སྟེང་འབྱར་ཚུལ། 

གསར་འགྱུར་འགོད་མཁན། འཇམ་དབྱངས་ཆོས་འཕེལ། 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2019-03-07 ལྟ་ཀློག (4713)