གངས་ལྗོངས་མུན་སེལ་སློབ་གྲྭའི་གསལ་བརྡ།

སློབ་མ་བསྡུ་བའི་བརྡ་ཐོ།

    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་མཛུབ་སྟོན་དང་དཔའ་ལུང་བ་ཤེས་རབ་རྒྱ་མཚོས་སྣེ་ཁྲིད་དང་འབད་བརྩོན་བྱས་པ་བརྒྱུད་། ཆེད་ཞུས་དགེ་རྒན་ཆེན་མོ་བོད་ཀྱི་ལྷ་རིས་ཆེད་མཁས་པ་དང་དེང་རབས་རི་མོའི་ལག་རྩལ་སློབ་སྟོན་པ་གསེར་བྲག་དོན་འགྲུབ་ཚེ་བརྟན་དང་།   མགར་བའི་ལག་རྩལ་ཕྱོགས་ཀྱི་སློབ་སྟོན་བཀོད་འདོམ་པ་བོད་ལུགས་སྲོལ་རྒྱུན་མགར་བའི་ལག་རྩལ་ཆེད་མཁས་པ་བང་ལེན་སོགས་ཆེད་ཕེབས་ཀྱིས་གངས་ལྗོངས་མུན་སེལ་སློབ་གྲྭའམ་དགའ་ཡ་ལག་རྩལ་སློབ་གྲྭ་རུ་རི་མོའི་ཆེད་ལས་༼བོད་ཀྱི་ལྷ་རིས་དང་དེང་རབས་རི་མོ།༽འཛིན་གྲྭ་དང་གསེར་དངུལ་བཟོ་སྐྲུན་གྱི་མགར་བའི་ཆེད་ལས་༼མཆོད་ཆས་དང་བོད་ཀྱི་རྒྱན་ཆའི་རིགས།༽འཛིན་གྲྭ་གཉིས་བསྡུ་འཆར་ཡོད་པས་ལས་རིགས་འདི་གཉིས་ལ་མོས་མཁན་དག་གིས་གོ་སྐབས་དམ་འཛིན་གྱིས་མིང་ཐོ་ཁོད་དང་། སློབ་ཡོན་དང་འཚོ་བ་སོགས་ངེད་སློབ་གྲྭས་མཁོ་སྤྲོད་གནང་སྟེ་སློབ་མཐར་ཕྱིན་རྗེས་མཐར་ཕྱིན་ལག་རྟགས་ཀྱང་སྤྲོད་རྒྱུ་ཡིན། འཛིན་གྲྭ་རེར་སློབ་མ་ཉེར་ལྔ་ལས་བསྡུ་རྒྱུ་མིན་ལ་སློབ་སྦྱོང་གི་དུས་ཡུན་ལོ་གསུམ་ཡིན། གནས་ཚུལ་ཞིབ་རྒྱས་ཤེས་འདོད་ན་གཤམ་གྱི་ཁ་པར་ཨང་གྲངས་བརྒྱུད་ནས་རྒྱུས་ལོན་བྱས་ཆོག

ཁ་པར་ཨང་གྲངས།

13997307718

09728791333

སྤྱི་ལོ༢༠༡༩ལོའི་ཟླ་༢ཚེས་༡༥ནས་སྤྱི་ཟླ༣ཚེས༡༥བར་མིང་ཐོ་འགོད་རྒྱུ་ཡིན།

ས་གནས། མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ཀ་མདོ་གྲོང་རྡལ་ཤ་བོ་འགག་ཆུ་གློག་ས་ཚིགས།

སྤྱི་ལོ༢༠༡༩ལོའི་ཟླ༡ཚེས༡༥ཉིན།

 

སློབ་གླིང་གི་འཆར་གཞིའི་འཛུགས་བསྐྲུན་ཇུས་འགོད།

གོང་རིམ་འགོ་ཁྲིད་ཀྱིས་གཟིགས་ཞིབ་གནང་བ།

སློབ་ཁྲིད་ཐོག་ཁང་གི་ཡུལ་དངོས།

གསར་འགོད་པ། སྨྲ་ཁམས་མཁའ་འགྲོ་རྒྱལ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2019-02-15 ལྟ་ཀློག (10196)