རྭ་རྒྱའི་སློབ་གྲྭ་འཛམ་གླིང་གི་སློབ་གྲྭ་དམིགས་བསལ་ཅན་གྱི་གྲས་སུ་ཚུད་པར་རྟེན་འབྲེལ་ཞུ་མཁན་མང་བོ་བྱུང་།


     2018ལོར་སློབ་གླིང་འདི་ནི་ཀྲུང་གོའི་རྒྱལ་ཡོངས་ཀྱི་མིག་དཔེར་འོས་པའི་སློབ་གྲྭ་བརྒྱད་ཀྱི་གྲས་སུ་ཚུད་པར་མ་ཟད་འཛམ་གླིང་གི་སློབ་གྲྭ་དམིགས་བསལ་ཅན་གྱི་གྲས་སུ་ཚུད་པའི་བོད་ཀྱི་སློབ་གྲྭ་གཉིས་ཀྱི་ཡ་གྱལ་ཡང་ཡིན་པས།
        རྒྱལ་ཡོངས་ཀྱི་རིགས་སོ་སོའི་ཡོན་ཏན་པ་དང་སློབ་གསོའི་སྡེ་ཁག་གང་མང་གིས་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང2018ལོར་ཀྲུང་གོའི་ཆེས་ཐོག་མའི   LIFE  སློབ་གསོའི་གསར་སྤེལ་དཔེར་མཚོན་རང་བཞིན་ལྡན་པའི་སློབ་གྲྭ་བརྒྱད་ཀྱི་གྲས་སུ་བདམས་ནས་ཀྲུང་གོའི་མི་དམངས་སློབ་ཆེན་གྱིས་དཔར་སྐྲུན་བྱས་པའི་(འཚོ་བའི་ཆེད་དུ་སློབ་གསོ་བསྐྱར་བསྐྲུན་དང་ཀྲུང་གོའི་སློབ་གསོ་གསར་གཏོད་)ཅེས་པའི་ནང་དུ་བཀོད་ཡོད་པར་རྒྱབ་སྐྱོར་གྱི་ཚུལ་དུ་རྟེན་འབྲེལ་ཞུས་པར།  དྲ་ཐོག་ཏུ་ཧ་ཅང་དགའ་བསུ་དང་དོ་སྣང་ཤུགས་ཆེན་བྱུང་བར་ངེད་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་བཀའ་དྲིན་ལན་བརྒྱར་ཞུས་པ་ཡིན། འདི་ལས་རང་མི་རིགས་ཀྱི་སློབ་གསོར་གསོན་ཤུགས་གསར་བ་ཞིག་བསྣན་ཡོད་ཅེས་བརྗོད་ཆོག་སྙམ།


       已经普及九年义务教育、进入高等教育大众化阶段和互联网时代的中国教育,需要一场深刻的变革,改变在计划经济时代形成的教育体制和教育价值,实行以人为本的教育,回归到生活的教育,保护孩子的想象力和创造力,发展学生的个性。

首届"LIFE教育创新峰会"于2015年4月召开,汇聚了众多教育话题和创新案例,本书从中精选出8个案例进行深入探索,全面展现案例相关个人、机构和学校所做出的努力。正是这些零星的新学校、新教育的出现,昭示着中国教育面临的转折,以及一场正在孕育之中、即将席卷全球的教育风暴。


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2019-01-05 ལྟ་ཀློག (10837)