སྤོབས་པ་སྩོལ་བའི་ཞིས་ཅིན་ཕིང་གི་སྐད་ཆ་ཚན་པ་བཅུ།

习近平这10句话 真提气!
སྤོབས་པ་སྩོལ་བའི་ཞིས་ཅིན་ཕིང་གི་སྐད་ཆ་ཚན་པ་བཅུ།


忍饥挨饿、缺吃少穿、生活困顿这些几千年来困扰我国人民的问题总体上一去不复返了!
མི་ལོ་སྟོང་ཕྲག་དུ་མར་གྲང་ལྟོགས་ཀྱི་སྡུག་བསྔལ་ལ་བཟོད་བསྲན་བགྱིས་ཏེ་ཡོང་བའི་རང་རྒྱལ་མི་དམངས་ཀྱི་གནད་དོན་ནི་སྤྱི་ཁྱབ་རང་བཞིན་གྱིས་ཇེ་ལེགས་སུ་སོང་ཟིན་པས་ད་ནི་ཡང་བསྐྱར་འབྱུང་བར་མི་སྲིད།



40年来取得的成就不是天上掉下来的,更不是别人恩赐施舍的,而是全党全国各族人民用勤劳、智慧、勇气干出来的!
མི་ལོ་བཞི་བཅུའི་རིང་གི་གྲུབ་འབྲས་ནི་གནམ་ནས་ལྷུང་བ་མིན་ལ།  སུ་ཞིག་གིས་གནང་བ་ཡང་མ་ཡིན་པར། ཏང་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་འབད་བརྩོན་དང་ཤེས་རབ།  བློ་སྟོབས་བཅས་ལས་བྱུང་བ་ཡིན།



坚持把人民拥护不拥护、赞成不赞成、高兴不高兴作为制定政策的依据,顺应民心、尊重民意、关注民情、致力民生。
 དམངས་ཀྱིས་སྲིད་ཇུས་ལ་བརྩི་བཀུར་བྱེད་མིན་དང་བསྟོད་བསྔགས་གནང་མིན།  དགའ་མགུ་བྱ་མིན་སོགས་གཞི་རྩར་བཟུང་ཞིང་རྒྱུན་བསྐྱངས་ཐོག  དམངས་སེམས་དང་བསྟུན་པ། དམངས་སེམས་ལ་བཀུར་བ།  དམངས་དོན་ལ་དོ་སྣང་བྱེད་པ།  དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ་བཅས་སོ།།



在中国这样一个有着5000多年文明史、13亿多人口的大国推进改革发展,没有可以奉为金科玉律的教科书,也没有可以对中国人民颐指气使的教师爷。
ཀྲུང་གོ་ལྟ་བུའི་མི་ལོ་ལྔ་སྟོང་གི་ཤེས་རིག་གི་ལོ་རྒྱུས་ལྡན་ཞིང་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་གི་རྒྱལ་ཁབ་ཆེན་པོ་འདི་འདྲ་ཞིག་བཅོས་བསྒྱུར་གྱིས་འཕེལ་རྒྱས་སུ་གཏོང་བ་ལ།  གསེར་ཡིག་དངུལ་ཐམ་གྱིས་མནན་པའི་སློབ་དེབ་ཡོད་པ་མིན་ལ། ཀྲུང་གོའི་མི་དམངས་ལ་ལམ་སྟོན་གྱི་སྒྲོན་མེ་བཀར་བའི་ཁྱད་འཕག་གི་དེད་དཔོན་ཡོད་པ་ཡང་མིན།



我们有坚定的政治决心和强大能力维护国家主权和领土完整,祖国的神圣领土一寸都不能分裂出去!
ང་ཚོ་ལ་བརྟན་ཞིང་བརླིང་བའི་ཆབ་སྲིད་ཀྱི་ཆོད་སེམས་དང་རྒྱལ་ཁབ་ཀྱི་ས་ཁོངས་འགན་དབང་ཡོངས་སུ་སྲུང་བའི་ནུས་པ་ཡོད་དགོས་པ་ལས་གཞན། མེས་རྒྱལ་གྱི་བླ་ན་མེད་པའི་ས་གཞི་ཆེན་པོའི་ཏོག་ཙམ་ཡང་གཞན་ལ་འཆོར་དུ་མི་འཇུག་པའི་ལ་རྒྱ་ཡོད་དགོས།



伟大梦想不是等得来、喊得来的,而是拼出来、干出来的。我们现在所处的,是一个船到中流浪更急、人到半山路更陡的时候,是一个愈进愈难、愈进愈险而又不进则退、非进不可的时候。
རླབས་ཆེ་བའི་ཕུགས་བསམ་ནི་སྒུག་ནས་ཐོན་པ་ཞིག་དང་བོས་ནས་ཡོང་བ་ཞིག་མིན་པར།  དེ་ནི་བརྩོན་པ་ཆེན་པོས་འབད་ནས་བླངས་པ་ཞིག་ཡིན།  ད་ལྟའི་ང་ཚོའི་གནས་སྟངས་ནི།  བཟུང་ན་ལག་པ་འཚིག་པ་དང་བཏང་ན་རྫ་མ་ཆག་པའི་དཀའ་ཁག་སྣ་མང་གི་གཞུང་ཡིན་པས་བྱ་ལས་གང་ཡིན་ཡང་བཏང་སྙོམས་སུ་ཡུད་ཙམ་ཡང་གཞག་པར་མི་རིགས།



小到一个人、一个集体,大到一个政党、一个民族、一个国家,只要有信仰、信念、信心,就会愈挫愈奋、愈战愈勇,否则就会不战自败、不打自垮。
ཆུང་ས་ནས་མི་སྒེར་དང་ཚོགས་སྡེ་ག་གེ་མོ། ཆེ་ས་ནས་ཏང་སྲིད་ཅིག་དང་མི་རིགས་ཤིག  ཡང་ན་རྒྱལ་ཁབ་ཅིག་ལ་ཡང་།  དད་མོས་ཡོད་ན་མདུན་སྐྱོད་ཡོད་པ་དང་།  གལ་ཏེ་དད་མོས་མེད་ན་མ་འཐབ་རང་ཕམ་འབྱུང་ངེས་སོ།།



在近代以来漫长的历史进程中,中国人民经历了太多太多的磨难,付出了太多太多的牺牲,进行了太多太多的拼搏。现在,中国人民和中华民族在历史进程中积累的强大能量已经充分爆发出来了,为实现中华民族伟大复兴提供了势不可挡的磅礴力量。
 ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཀྱི་ཀྱག་ཀྱོག་གི་བརྒྱུད་ལམ་རིང་མོར།  ཀྲུང་གོའི་མི་དམངས་ཀྱིས་བཟོད་ཐབས་མེད་པའི་དཀའ་སྡུག་མྱངས་ཡོད།  བླ་ན་མེད་པའི་བློས་གཏོང་དང་འབད་འབུངས་གནང་ཡོད།   ད་ལྟ་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ཁྲག་གསོག་རྣག་གསོག་གི་སྟོབས་ཤུགས་ཡོངས་སུ་སྨིན་ཏེ།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་དུ་འགྱུར་བར་མཚུངས་ཟླ་བྲལ་བའི་མཐུ་ནུས་བསྩལ་ཡོད།



建成社会主义现代化强国,实现中华民族伟大复兴,是一场接力跑,我们要一棒接着一棒跑下去,每一代人都要为下一代人跑出一个好成绩。
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་གཟུགས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་གྱུར་བྱེད་པ་ནི་མཐུད་རྒྱུག་ལྟ་བུ་ཞིག་ཡིན།   ང་ཚོས་མཐུད་རྒྱུག་དབྱུག་དུམ་རྒྱུག་མཁན་ཕྱི་མ་ལ་མུ་མཐུད་དུ་རྒྱུད་སྤྲོད་བྱ་དགོས།  ཕྱི་རབས་པ་རེ་རེ་ཡི་ཆེད་དུ་ང་ཚོས་མཐུད་རྒྱུག་ལ་གྲུབ་འབྲས་གང་ལེགས་ལེན་དགོས།



将改革开放进行到底,不断实现人民对美好生活的向往,在新时代创造中华民族新的更大奇迹! 创造让世界刮目相看的新的更大迹!
བཅོས་བསྒྱུར་སྒོ་འབྱེད་ཡང་དག་བྱས་ཏེ།  མུ་མཐུད་དུ་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ་དང་། དུས་རབས་གསར་བར་ཀྲུང་ཧྭ་མི་རིགས་ཀྱིས་ལག་རྗེས་ངོ་མཚར་ཅན་འཇོག་དགོས་ཤིང་། འཛམ་བུ་གླིང་གིས་མིག་དཔེ་བལྟ་སའི་ལག་རྗེས་ཁྱད་པར་བ་འཇོག་དགོས།


བཅོས་བསྒྱུར་སྒོ་འབྱེད་ལོ་འཁོར་བཞི་བཅུའི་ཚོགས་ཆེན་སྟེང་དུ་གནང་བའི་ཀྲུང་གོའི་སྲིད་འཛིན་ཞིས་ཅིན་ཕེན་གྱི་སྐད་ཆ་ཚན་པ་བཅུ།
རྟ་ནག་བཟོད་པས་མི་དམངས་ཉིན་རེ་ཚགས་པར་གྱི་པོད་འཕྲིན་པར་གཞི་ལས་བསྒྱུར།                               
   2018-1-18

གསར་འགོད་པ།  རྟ་ནག་བཟོད་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-12-20 ལྟ་ཀློག (8853)