བོད་ཀྱི་ན་གཞོན་རི་མོ་བ་ཤེས་རབ་བཟང་བོའི་སྒྱུ་རྩལ་བརྩམས་ཆོས།

བོད་ཀྱི་ན་གཞོན་རི་མོ་བ་ཤེས་རབ་བཟང་བོའི་སྒྱུ་རྩལ་བརྩམས་ཆོས།

    རི་མོ་བ་ཤེས་རབ་བཟང་བོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་ཐར་ཤུལ་ས་ཆར་སྐྱེས།  ཆུང་དུས་རི་མོ་གཙོ་བྱས་པའི་ལག་རྩལ་གྱི་ཕྱོགས་ལ་ཧ་ཅང་དགའ་མོས་ཆེན་པོ་ཡོད། སློབ་ཆུང་དང་དམའ་འབྲིང་འགྲིམ་སྐབས་སུའང་རང་གི་དགའ་ཕྱོགས་ལྟར་རི་མོའི་རིགས་སྣ་ཚོགས་ལ་སྦྱངས་བརྩོན་བྱས། 2012ལོར་སློབ་མཐར་ཕྱིན་རྗེས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་རི་མོའི་རིགས་སྣ་ཚོགས་ལ་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་ཏེ་རང་མོས་ལྟར་སྦྱངས། 2013ལོར་ཕ་མ་དང་གཉེན་ཉེ་སོགས་ཀྱིས་རྒྱབ་སྐྱོར་འོག་ཕ་ཡུལ་དང་ཁ་གྱེས་ཏེ་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འགྲམ་དུ་ཡོད་པའི་བོད་ལུགས་རི་མོའི་སྒྱུ་རྩལ་དར་སྤེལ་ལྟེ་གནས་ཀྱི་འགན་འཛིན་པ།  ཁ་ན་ཏའི་རི་མོ་བ་གྲགས་ཅན་དགེ་རྒན་བསྟན་འཛིན་སྒྲོལ་མ་ལགས་ཀྱི་དྲུང་དུ་ནུབ་ལུགས་རི་མོ་སོགས་རི་མོའི་རིགས་སྣ་ཚོགས་ལ་སྦྱང་འགོ་བརྩམས།   མི་ལོ་ཧྲིལ་བོ་ལྔའི་དུས་ཡུན་ནང་ཁོ་མོའི་མདུན་དུ་རི་མོ་གཙོས་ལག་རྩལ་གྱི་རིགས་སྣ་ཚོགས་ལ་སྦྱངས་ཏེ་སློབ་མཐར་ཕྱིན།    སློབ་ཞོར་དུ་ཁོ་རང་གི་ཚབ་མཚོན་བརྩམས་ཆོས་སྐོར་ཞིག་ཀྲུང་གོའི་ཐེན་ཅིན་རྒྱལ་སྤྱིའི་ཐོན་རྫས་འགྲེམས་སྟོན་སྟེང་སྔ་ཕྱིར་ཐེངས་གཉིས་ལ་ཞུགས་པ་དང་། ཟི་ལིང་ལྷོ་རི་སྒང་དངོས་མང་ཤུལ་བཞག་རིག་གནས་འགྲེམས་སྟོན་ཁང་དུ་བསྟུད་མར་མི་ལོ་བདུན་ལྷག་ལ་འགྲེམས་སྟོན་བྱས་མྱོང་།

སྔ་ཕྱིར་བོད་ཀྱི་རི་མོའི་ལོ་དེབ་ཐོག་མ་མེ་ལོང་སོགས་ཀྱི་སྟེང་དུ་ལོ་བསྟུད་མར་རང་ཉིད་ཀྱིས་དངོས་སུ་བྲིས་པའི་རི་མོ་སྣ་ཚོགས་བཀོད །

2011ལོར་རྒྱལ་ཡོངས་སློབ་རའི་ཕུལ་བྱུང་མཚར་རིས་དང་སྒྱུ་རྩལ་ཇུས་འགོད་འགྲན་བསྡུར་ཁྲོད་རྒན་པོལ་བྱ་དགའ་ཨང་གསུམ་པ་ཐོབ།

2018 ལོར་མང་རྫོང་སྒྱུ་རྩལ་འགྲེམས་སྟོན་སྟེང་བརྩམས་ཆོས་སྐྱ་མིལ་ཕུལ་བྱུང་བྱ་དགའ་ཨང་གསུམ་པ་ཐོབ་པ་བཅས་བྱ་དགའ་ཐེངས་དུ་མར་བླངས་མྱོང་།

ད་ལྟ་ད་དུང་མུ་མཐུད་དུ་རི་མོའི་རིགས་སྣ་ཚོགས་འབད་པ་བྱེད་བཞིན་པའི་སྐབས་ལགས་སོ།།

ཕོ་བྲང་པོ་ཏ་ལ།

སེམས་ཀྱི་རྟེན་དང་གངས་ཀྱི་བླ་རི། 

འབྲོག་ཕྲུག


གཡག་རྒན་གྱི་ཨུ་ཚུགས་དང་འབྲོག་མོའི་རང་གཤིས།


མ་ཧེ།

ལ་ཁའི་འབྲོག་མོ། 

བྲ་ཚགས།

བརྩེ་བའི་འཛུམ།


གཟིག 

རླུང་གིས་བསྐྱོད་པའི་དར་ལྕོག

ཨ་ཕོ་རྫི་བོ།

གསར་འགོད་པ། སྨར་ཁམས་མཁའ་འགྲོ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-12-07 ལྟ་ཀློག (12731)