བོད་ཀྱི་ན་གཞོན་རི་མོ་བ་ཁ་གྱའི་ཀུ་ལ་ཡག་གི་སྒྱུ་རྩལ་བརྩམས་ཆོས།

བོད་ཀྱི་ན་གཞོན་རི་མོ་བ་ཁ་གྱའི་ཀུ་ལ་ཡག་གི་སྒྱུ་རྩལ་བརྩམས་ཆོས།

      རི་མོ་བ་ཁ་གྱའི་ཀུ་ལ་ཡག་ནི་1996 ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྗོང་ཁ་གྱ་སྡེ་བར་སྐྱེས།  མོ་རང་ཆུང་དུས་ནས་རི་མོ་འབྲི་རྒྱུར་ཧ་ཅང་དགའ།  སློབ་གྲྭ་ཆུང་འབྲིང་འགྲིམས་ཞོར་དུ་རི་མོའི་རིགས་སྣ་ཚོགས་བྲིས་ཏེ་བོད་ཀྱི་རི་མོའི་ལོ་དེབ་ཐོག་མ་མེ་ལོང་དུས་དེབ།  མང་རྫོང་སློབ་གསོ་དུས་དེབ་དང་ཚགས་པར་སོགས་སུ་བཀོད།    2011ལོར་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་རི་མོ་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ་སློབ་མཐར་ཕྱིན།    2013ལོ་ནས་ཁ་ན་ཏའི་རི་མོ་བ་གྲགས་ཅན་བསྟན་འཛིན་སྒྲོལ་མའི་དྲུང་དུ་བགྲང་བྱ་ལྔའི་དུས་ཡུན་ནང་ནུབ་ལུགས་དངོས་བྲིས་རི་མོ་གཙོས་རི་མོའི་རིགས་སྣ་ཚོགས་ལ་སྦྱངས་ཏེ་2018ལོར་སློབ་མཐར་ཕྱིན།    སློབ་ཞོར་དུ་ཟི་ལིང་དང་བླ་བྲང་སོགས་སུ་ཁོ་མོའི་དགེ་རྒན་དང་ལྷན་དུ་ལོ་རེར་རི་མོའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་བཞིན་ཡོད་ལ །  པེ་ཅིན་དང་ཟི་ལིང་གྲོང་ཁྱེར་སོགས་སུ་སྒྱུ་རྩལ་བརྩམས་ཆོས་སྐོར་གྱི་གསོ་སྦྱོང་འཛིན་གྲྭར་ཞུགས་མྱོང་བ་དང་ཁྱིམ་ཞུས་དགེ་རྒན་བཅས་ཀྱི་འགན་འཁུར་མྱོང་། ཕ་ཡུལ་དུ་རི་མོ་གསོ་སྦྱོང་འཛིན་གྲྭ་དང་འཕྲོད་བསྟེན་རྒྱུན་ཤེས་ཁྱབ་བསྒྲགས་བཅས་ཀྱི་བྱ་བ་མང་བོ་གཉེར། 

2017---2018 བཅས་སུ་མོ་རང་གི་ཚབ་མཚོན་བརྩམས་ཆོས་སྐོར་ཞིག་ཀྲུང་གོའི་ཐེན་ཅིན་རྒྱལ་སྤྱིའི་ཐོན་རྫས་འགྲེམས་སྟོན་སྟེང་སྔ་ཕྱིར་ཐེངས་གཉིས་ལ་ཞུགས་པ་དང་།  ཟི་ལིང་ལྷོ་རི་སྒང་དངོས་མང་ཤུལ་བཞག་རིག་གནས་འགྲེམས་སྟོན་ཁང་དུ་བསྟུད་མར་ལོ་བདུན་ལྷག་ལ་འགྲེམས་སྟོན་བྱས།

2010 ལོར་མེ་ལོང་རྩོམ་སྒྲིག་ཁང་གིས་མང་རྫོང་བོད་ཡིག་སློབ་འབྲིང་དུ་བསྡུས་པའི་རི་མོའི་འགྲན་བསྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ།

2010  ལོའི་ཡུལ་ཤུལ་ས་ཡོམ་ཆེན་མོའི་སྐབས་སུ་ ཡུལ་ཤུལ་བ་སྤོབས་པ་བསྐྱེད་ཞེས་པའི་བྲིས་སྒྲིག་རི་མོ་ལ་ཕུལ་བྱུང་བྱ་དགའ་ཐོབ།

2010ལོར་རྒྱལ་ཡོངས་ན་ཆུང་བྱིས་པའི་ཡིག་གཟུགས་དང་རི་མོ་འགྲེམས་སྟོན་སྟེང་དངུལ་གྱི་རྟགས་མའི་བྱ་དགའ་བླངས།

2011ལོར་རྒྱལ་ཡོངས་སློབ་རའི་ཕུལ་བྱུང་མཚར་རིས་དང་སྒྱུ་རྩལ་ཇུས་འགོད་འགྲན་བསྡུར་ཁྲོད་གར་མཁན་མལ་བྱ་དགའ་ཨང་གསུམ་པ་ཐོབ།

2016 ལོའི་མང་རྫོང་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་སྟེང་ལྷག་བསམ་ཟོལ་མེད་ལ་ཕུལ་བྱུང་བྱ་དགའ་ཐོབ། 

2018 ལོའི་མང་རྫོང་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་སྟེང་གཟབ་ཉན་ ལ་བྱ་དགའ་ཨང་གསུམ་པ་བཅས་སྔ་ཕྱིར་བྱ་དགའ་ཐེངས་དུ་མར་བླངས་མྱོང་། ད་ལྟ་ད་དུང་མུ་མཐུད་དུ་རི་མོའི་རིགས་སྣ་ཚོགས་ལ་སློབ་གཉེར་བྱེད་བཞིན་ཡོད་དོ།།

རྟག་བརྟན་གྱི་བླ་རི།


དད་གུས།

ལྷིང་འཇགས།

བཟོད་བསྲན།


འཆར་ཁ།

ལྷད་མེད།

བསམ་གཞིགས།

བརྩེ་སེམས།

སྟོང་ཉིད།

བདེ་སྐྱིད།

དད་གུས།

གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-12-07 ལྟ་ཀློག (11684)