དར་ལག་རྫོང་བོད་སྨན་ཁང་དུ་གསོ་རིག་རྒྱུད་བཞིའི་བློ་རྒྱུགས་འགྲན་བསྡུར་སྤེལ་བ།

དར་ལག་རྫོང་བོད་སྨན་ཁང་དུ་གསོ་རིག་རྒྱུད་བཞིའི་བློ་རྒྱུགས་འགྲན་བསྡུར་སྤེལ་བ།
   ༢༠༡༨ལོའི་ཟླ་༡༡པའི་ཚེས་༢ཉིན་དར་ལག་རྫོང་བོད་སྨན་ཁང་དུ་གསོ་རིག་རྒྱུད་བཞིའི་བློ་རྒྱུགས་འགྲན་བསྡུར་གྱི་བྱ་འགུལ་སྤེལ། དར་ལག་རྫོང་བོད་སྨན་ཁང་གི་གླིང་གཙོ་ཆོས་མགོན་ལགས་ཀྱིས་བོད་ཀྱི་གསོ་རིག་རྒྱུད་བཞི་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་ཆེད། དེར་བཞུགས་གཞོན་སྐྱེས་སྨན་པ་རྣམས་ལ་དུས་ཚིགས་རེ་རེར་གཞུང་ལུགས་དང་ལག་ལེན་སྐོར་གྱི་རྒྱུགས་ལེན་བཞིན་ཡོད་པ་དང་། ལྷག་པར་ལོ་རེའི་འཆར་ཅན་ལྟར་གཙོ་སྐྱོང་གནང་བའི་དར་ལག་རྫོང་བོད་སྨན་ཁང་གི་སྐབས་གཉིས་པའི་༼རྩ་མདོའི༽བློ་རྒྱུགས་འགྲན་བསྡུར་གྱི་བྱ་འགུལ་ཆེན་མོ་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་གཟབ་རྒྱས་ངང་སྤེལ། ཐེངས་འདིའི་འགྲན་བསྡུར་ཁྲོད་སྨན་པ་པད་དཀར་ལ་བྱ་དགའ་ཨང་དང་བོ་དང་།  ཁམས་སྐྱིད་སྒྲོལ་མ་ལ་བྱ་དགའ་ཨང་གཉིས་པ།   འཇིགས་མེད་དར་རྒྱས་ལ་བྱ་དགའ་ཨང་གསུམ་པ་བཅས་གནང་སྟེ་ཐེངས་འདིའི་བྱ་འགུལ་བདེ་བླག་ངང་མཇུག་བསྡུས།


དར་ལག་རྫོང་བོད་སྨན་ཁང་།


དར་ལག་རྫོང་བོད་སྨན་ཁང་གི་གླིང་གཙོ་ཆོས་མགོན། 


བློ་རྒྱུག་ལེན་བཞིན་པ།


རྒྱུགས་ཞིབ་དགེ་རྒན་དང་བྱ་དགའ་ཐོབ་མཁན་གྱི་མཉམ་པར།

གསར་འགོད་པ།  དཀོན་མཆོག་འབངས། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2018-11-08 ལྟ་ཀློག (3994)