རྒྱུད་བཞི་ལས་གསུངས་པའི་སྨན་སྦྱོར་མང་བོ་ཞིག་དངོས་སུ་ལག་ལེན་བྱས་པ།

  རྒྱུད་བཞི་ལས་གསུངས་པའི་སྨན་སྦྱོར་མང་བོ་ཞིག་དངོས་སུ་ལག་ལེན་བྱས་པ།

 ༢༠༡༨ལོའི་ཟླ་༡༠བའི་ཚེས་༢༤ཉིན་བོད་ལྗོངས་ནག་ཆུའི་ས་ཁུལ་སོག་རྫོང་གི་སོག་ཤོད་སྨན་རྩིས་ཀུན་ཕན་གླིང་ནས་བོད་ཀྱི་གསོ་རིག་ཆེད་མཁས་པ་༧དགེན་བསྟན་སྲུང་གྲགས་པའི་མཛུབ་སྟོན་འོག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བ་དང་བཅུ་དགུ་བ་དེ་བཞིན་དུ་སྐབས་ཉི་ཤུ་བ་དང་ཉེར་གཅིག་པའི་པའི་གསོ་རིག་ཆེད་སྦྱོང་འཛིན་གྲྭའི་སློབ་མ་རེ་འགའ་དང་མདོ་དབུས་ཁམས་གསུམ་གྱི་གསོ་རིག་ཆེད་གཉེར་བའམ་སྨན་ཕྲུག་མང་བོ་ཞིག་ལྷན་དུ་འཛོམས་ནས་གསོ་བ་རིག་པའི་གཞུང་ལུགས་ཆེན་མོ་དཔལ་ལྡན་རྒྱུད་བཞི་ལས་གསུངས་པའི་སྨན་སྦྱོར་མང་བོ་ཞིག་ལག་ལེན་བྱས་ཤིང་ཁྱད་པར་དུ་རྒྱུད་ལས་གསུངས་པའི་འབའ་སམ་སྨན་མར་དང་དེ་འབྲེལ་གྱི་ཉམས་ཡིག་མན་ངག་རིན་ཆེན་འབྱུང་གནས་སོགས་ལས་བྱུང་བའི་སྨན་མར་མང་བོ་ཞིག་ལག་ལེན་བྱས་ཏེ་མཐར་སྤྱི་ལོ་༢༠༡༨ལོའི་ཟླ་༡༡པའི་ཚེས་༡ཉིན་ཡོངས་སུ་ལེགས་པར་གྲུབ།   

 

བོད་ཀྱི་གསོ་རིག་ཆེད་མཁས་པ་བསྟན་སྲུང་གྲགས་པ་མཆོག


སྨན་སྦྱོར་དངོས་སུ་ལག་ལེན་བྱེད་བཞིན་པ།


སྨན་སྦྱོར་དངོས་སུ་ལག་ལེན་བྱེད་བཞིན་པ།

གསར་འགོད་པ་ལི་ཐང་ཕུན་ཚོགས།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2018-11-05 ལྟ་ཀློག (4162)