2019ལོའི་མཐོ་རྒྱུགས་ལ་མིང་ཐོ་འགོད་པའི་དུས་ཚོད་གཏན་འཁེལ་བྱས་པ།


 【  མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།】 

      གསར་འགོད་པས་ཞིང་ཆེན་སློབ་བསྡུ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ལོ་2019ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུ་དུས་ཚོད་གཏན་འཁེལ་བྱས་ཡོད་པ་རེད།   ཞིང་ཆེན་ནང་ཁུལ་ནས་ད་ལོར་མཐར་ཕྱིན་པའི་མཐོ་འབྲིང་སློབ་མ་དང་། སྒྱུ་རྩལ་ལས་རིགས་ཀྱི་རྒྱུགས་ལ་ཞུགས་མཁན་གྱི་ཞིང་ཆེན་གཞན་པ་ནས་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ།  ཞིང་ཆེན་ཕྱི་ནང་གི་ལས་རིགས་སློབ་གྲྭར་རྒྱུགས་སྤྲོད་པའི་སློབ་མ། ཞིང་ཆེན་ནང་ཁུལ་གྱི་ཆེད་སྦྱོང་ནས་དངོས་གཞིར་རྒྱུགས་སྤྲོད་པའི་སློབ་མ་ཡོངས་ཀྱི་མིང་ཐོ་འགོད་པའི་དུས་ཚོད་ནི2018ལོའི་སྤྱི་ཟླ11པའི་ཚེས15ཉིན་ནས་སྤྱི་ཟླ11པའི་ཚེས30ཉིན་བར་ཡིན་པ་རེད།

       ཞིང་ཆེན་གཞན་པར་སོང་ནས་མཐོ་འབྲིང་འགྲིམ་བཞིན་པའི་མཐར་ཕྱིན་སློབ་མའི་མིང་ཐོ་འགོད་པའི་དུས་ཚོད་ནི2019ལོའི་སྤྱི་ཟླ1པོའི་ཚེས14ཉིན་ནས་སྤྱི་ཟླ1པོའི་ཚེས25ཉིན་བར་ཡིན་པ་རེད།

     མིང་ཐོ་འགོད་སའི་ས་གནས།  རང་ས་གནས་ཀྱི་སློབ་གྲྭ་དང་སློབ་བསྡུ་ཁང་སོ་སོ་ཡིན་པ་རེད།

     མིང་ཐོ་འགོད་སྟངས།  དྲ་ཐོག་ནས་མིང་ཐོ་འགོད་པའི་རྣམ་པ་བརྒྱུད་དགོས་པ་སྟེ།

1.ཆ་འཕྲིན་འཚོལ་བསྡུ་བྱེད་པ། རྒྱུགས་ཞུགས་ས་ཁུལ་སོ་སོའི་སློབ་བསྡུ་ཁང་གི(མཐོ་རྒྱུགས་ལ་མིང་ཐོ་འགོད་པའི་ས་གནས)ནས“མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་ལ་མིང་ཐོ་འགོད་པའི་ཆ་འཕྲིན་འཚོལ་བསྡུ་མ་ལག”སྤྱད་དེ། རྒྱུགས་ཞུགས་སློབ་མའི་ཐོབ་ཐང་གི་ཆ་འཕྲིན་འཚོལ་བསྡུ་བྱེད་པ།

2.གསང་གྲངས་ལེན་པ། རྒྱུགས་ཞུགས་སློབ་མས་ཡུལ་དངོས་ནས་རང་ཉིད་ཀྱི་ཆ་འཕྲིན་འཚོལ་བསྡུ་བྱས་པའི་རྗེས་སུ་རྒྱུགས་ཞུགས་ཨང་གྲངས་དང་དྲ་ཐོག་ནས་མིང་ཐོ་འགོད་པའི་གསང་གྲངས་ལེན་དགོས།

3.རྒྱུགས་ཞུགས་སློབ་མས་དྲ་ཐོག་ནས་མིང་ཐོ་འགོད་པ།

4.ཆ་འཕྲིན་གཏན་འཁེལ་བྱེད་པ།

5. ལུས་པོར་བརྟག་དཔྱད་བྱེད་པ་བཅས་ཀྱི་རྣམ་པ་བརྒྱུད་དགོས།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2018-11-03 ལྟ་ཀློག (7085)