གསར་འགོད་གསོ་སྦྱོང་།

ང་ལ་ང་ཡི་འགན་འཁྲི་ཡོད།

      2018ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱིས་མ་ཡུམ་སློབ་གླིང་དང་རྩྭ་ཐང་བུ་མོའི་སློབ་གླིང་། གངས་ལྗོངས་སྤྲི་ཆུར་བཟོ་གྲྭ་བཅས་ཀྱི་དྲྭ་ཚིགས་རྩོམ་སྒྲིག་པ་དང་གསར་འགོད་པ་སོགས་གཙོས་ཆེད་ལས་རྩོམ་སྒྲིག་པ་དང་གསར་འགོད་པའི་གསོ་སྦྱོང་ཚོགས་འདུ་ཟི་ལིང་གྲོང་ཁྱེར་གྱི་ཚོང་དཔོན་ནོར་བཟང་ཕོ་བྲང་དུ་འཚོགས །  ཐེངས་འདིའི་གསོ་སྦྱོང་ཚོགས་འདུའི་སྟེང་དུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་།  ཀྲུང་གོའི་བོད་ཀྱི་དྲྭ་ཚིགས་རྩོམ་སྒྲིག་ཁང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་རྩོམ་སྒྲིག་ཁང་། བོད་ཀྱི་ཤེས་རིག་སློབ་གསོའི་དྲ་བའི་རྩོམ་སྒྲིག་ཁང་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཆེ་ཤོས་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ཡོད་པ་དང་། སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་ཐེངས་འདིའི་གསོ་སྦྱོང་དང་འབྲེལ་ནས་བཀའ་སློབ་ཡིད་འཁུལ་བ་གནང་བར་མ་ཟད། ཆེད་ཞུས་དགེ་རྒན་ཕྱུག་ལོ་དང་ཞུས་ཆེན་ལོ་ཙཱ་བ་ཨོ་རྒྱན།   ཨ་ལྡོང་དཔལ་རྡོ་ཐར།  རམས་ཚེ་བྷོ།  རྣམ་རྒྱལ་སོགས་ཀྱིས་གསར་འགྱུར་བཅར་འདྲི་བྱ་ཐབས་དང་བཅར་འདྲི་བྱེད་སྐབས་ཀྱི་མཉམ་འཇོག་རང་བཞིན། དྲྭ་ཚིགས་ཇུས་འགོད་དང་རྩོམ་སྒྲིག་བྱེད་ཐབས། དྲྭ་ཚིགས་སུ་དཔྱད་མཆན་འགོད་སྟངས་དང་ཁྲིམས་མཐུན་སྒོས་དྲ་བར་བདག་དོམ་བྱེད་ཐབས་སྐོར་གྱི་འཆད་ཁྲིད་ཟབ་རྒྱས་གནང་།

འཆད་ཁྲིད་རྫོགས་རྗེས་དྲྭ་ཚིགས་དོ་དམ་པ་དང་གསར་འགོད་པས་ནང་ཁུལ་གྱི་ཚོགས་འདུ་བསྡུས་ཏེ་འཆད་ཁྲིད་ཀྱི་དགོངས་དོན་ལ་སྤྱི་བསྡོམས་བྱས་ཤིང་གསར་འགོད་པའི་ནང་ཁུལ་དུ་དྲ་བའི་དོ་དམ་དང་འཕེལ་རྒྱས་ཐད་ཀྱི་བསམ་ཚུལ་བསྡུ་ལེན་བྱས།  གསར་འགོད་པ་དང་རྩོམ་སྒྲིག་པའི་ཁྲོད་དུ་༡ གནའ་དེང་རྩོམ་ཡིག་བསྡུ་སྒྲིག་ཚན་ཆུང་། ༢ ཡིག་སྒྱུར་ཚན་ཆུང་། ༣ བརྙན་རིས་སྒྲིག་སྦྱོར་ཚན་ཆུང་། ༤ ཇུས་འགོད་ཚན་ཆུང་། ༥ གསར་འགྱུར་ཚན་ཆུང་། ༦ སྙན་སྒྲོན་ཚན་ཆུང་། ༧ ཞུ་དག་ཚན་ཆུང་བཅས་ཚན་ཆུང་བདུན་དུ་བགོས་པར་རང་མོས་ཀྱིས་བདམས་ཐོན་བྱུང་བའི་སྒོ་ནས་ཚན་ཆུང་རེ་རེའི་ནང་དུ་ཞུགས་ཏེ་དྲྭ་ཚིགས་ཁྲིམས་མཐུན་སྒོས་སྔར་ལས་གོང་འཕེལ་དུ་གཏོང་བར་འབད་བརྩོན་གནང་རྒྱུའི་སེམས་ཐག་བཅད་ཡོད།  མཇུག་ཏུ་ཐོན་མིའི་སློབ་ཚོགས་ཀྱི་འགན་འཛིན་པ་ཁཱ་ཤེས་རབ་རྒྱ་མཚོ་དང་འབའ་སྣང་གྲོལ།  བན་ཤུལ་འཇམ་དབྱངས་བཅས་ཀྱིས་གསོ་སྦྱོང་ལ་ཞུགས་པའི་གསར་འགོད་པ་རྣམས་ལ་གསོ་སྦྱོང་དཔང་ཡིག་སྤྲད་དེ་ཐེངས་འདིའི་གསོ་སྦྱོང་བདེ་བླག་ངང་མཇུག་བསྡུས་ཡོད།

གཤམ་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་གསར་འགོད་པ་དང་རྩོམ་སྒྲིག་པའི་དཔུང་སྡེ་མིང་ཐོའི་གོ་རིམ་ལྟར་བཀོད་ཡོད།

མིང་། འོད་ཟེར་བཟང་བོ། མཐར་ཕྱིན་སྐབས་དང་བོ།  སྡོད་གནས།  འབའ་རྫོང་།   གསར་འགོད་ལས་འགན། སྤྱི་ཁྱབ་ལྟ་སྐུལ་བ། ཚབ་ཨང་། 2018019  ཁ་པར།  18197123666

མིང་། ཁཱ་ཤེས་རབ་རྒྱ་མཚོ།   མཐར་ཕྱིན་སྐབས་བཅུ་བ།  སྡོད་གནས།  སི་ཁྲོན་རྔ་བ། གསར་འགོད་ལས་འགན།  དྲྭ་ཚིགས་དོ་དམ་པ། ཚབ་ཨང་། 2018001 ཁ་པར། 15283703999

མིང་། འབའ་སྣང་གྲོལ། མཐར་ཕྱིན་སྐབས་དྲུག་པ།  སྡོད་གནས།  མཚོ་ལྷོ་འབའ་རྫོང་། གསར་འགོད་ལས་འགན། དྲྭ་ཚིགས་རྩོམ་སྒྲིག་པ།  ཚབ་ཨང་། 20180027 ཁ་པར། 15109745084

མིང་།  བན་ཤུལ་འཇམ་དབྱངས།  མཐར་ཕྱིན་སྐབས་ལྔ་བ།   སྡོད་གནས། མཚོ་ལྷོ་མང་རྫོང་། གསར་འགོད་ལས་འགན། དྲྭ་ཚིགས་རྩོམ་སྒྲིག་པ།  ཚབ་ཨང་། 20180026  ཁ་པར། 18097399998

མིང་། སེར་སྐོར་འཇམ་ཚེ། མཐར་ཕྱིན་སྐབས་བཅུ་བདུན་པ། སྡོད་གནས། མགོ་ལོག  གསར་འགོད་ལས་འགན། གནའ་དེང་རྩོམ་བསྡུ་ཚན་ཆུང་།  ཚབ་ཨང་2018033 ཁ་པར།  13649751210
  

མིང་།  རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ། མཐར་ཕྱིན་སྐབས་བཅུ་དགུ་བའི་གཉིས་པ།  སྡོད་གནས།  ན་གོར་མོ། གསར་འགོད་ལས་འགན། ཡིག་སྒྱུར་ཚན་ཆུང་། ཚབ་ཨང་། 2018035 ཁ་པར། 18582351396

མིང་།  འཇིགས་མེད་གྲགས་པ། མཐར་ཕྱིན་སྐབས་བཅུ་དགུ་བའི་གཉིས་པ། སྡོད་གནས། ཀླུ་ཆུ། གསར་འགོད་ལས་འགན། གནའ་དེང་རྩོམ་བསྡུ་ཚན་ཆུང་། ཚབ་ཨང་། 2018003 ཁ་པར།15693037727

མིང་།  སངས་རྒྱས་རྒྱལ།  མཐར་ཕྱིན་སྐབས་ཉི་ཤུ་བའི་གཉིས་པ།  སྡོད་གནས།  མཚོ་ལྷོ་བྲག་དཀར། གསར་འགོད་ལས་འགན། སྙན་སྒྲོན་ཚན་ཆུང་། ཚབ་ཨང་།018045 ཁ་པར།  17697048821

མིང་།  བདུད་ཤུལ་སྙིང་རྒྱལ། མཐར་ཕྱིན་སྐབས་བདུན་པ།  སྡོད་གནས།   ཁྲི་ཀ་རྫོང་། གསར་འགོད་ལས་འགན།  གནའ་དེང་རྩོམ་བསྡུ་ཚན་ཆུང་། ཚབ་ཨང་། 2018017 ཁ་པར། 13897498388


མིང་། འཇམ་དབྱངས་ཆོས་འཕེལ། མཐར་ཕྱིན་སྐབས་བཅུ་དགུ་བའི་དང་བོ། སྡོད་གནས། རྐང་ཚ་རྫོང་། གསར་འགོད་ལས་འགན། ཡིག་སྒྱུར་ཚན་ཆུང་ ཚབ་ཨང་།2018005 ཁ་པར། 18397000376

མིང་།  བྱ་སྟོད་བོད་ཕྲུག   མཐར་ཕྱིན་སྐབས་བཅུ་དྲུག་པའི་དང་བོ། སྡོད་གནས།  མཚོ་ལྷོ་བྲག་དཀར། གསར་འགོད་ལས་འགན། ཇུས་འགོད་ཚན་ཆུང་། ཚབ་ཨང་། 2018016 ཁ་པར། 17609746537

མིང་།  ཆོས་མགོན། མཐར་ཕྱིན་སྐབས་གཉིས་པ།   སྡོད་གནས།  མགོ་ལོག གསར་འགོད་ལས་འགན།  གསར་འགོད་པ།  ཚབ་ཨང་།  2018002 ཁ་པར།  18297198888

མིང་།  སྤྲེལ་ཉི་མ་རྒྱལ་མཚན།  མཐར་ཕྱིན་སྐབས་བཞི་བ།  སྡོད་གནས།  གསེར་ཆེན་རྗོང་།  གསར་འགོད་ལས་འགན། ཡིག་སྒྱུར་ཚན་ཆུང་།  ཚབ་ཨང་། 2018015 ཁ་པར། 15109740888

མིང་།  སྐལ་བཟང་ལུང་རྟོགས།  མཐར་ཕྱིན་སྐབས་དང་བོ།  སྡོད་གནས།  སོག་རྫོང་།  གསར་འགོད་ལས་འགན། གནའ་དེང་རྩོམ་བསྡུ་ཚན་ཆུང་། ཚབ་ཨང་། 2018050  ཁ་པར།  15909730222

མིང་།  ཐེབ་རྒྱ་རྟ་མགྲིན། མཐར་ཕྱིན་སྐབས་བརྒྱད་པ།  སྡོད་གནས།   གསེར་ཆེན།  གསར་འགོད་ལས་འགན། གནའ་དེང་རྩོམ་བསྡུ་ཚན་ཆུང་།  ཚབ་ཨང་།  2018020 ཁ་པར།  13909749939

       མིང་།  མགོན་པོ་སྐྱབས། མཐར་ཕྱིན་སྐབས་བདུན་པ། སྡོད་གནས། རྨ་ཆེན་རྭ་རྒྱ།  གསར་འགོད་ལས་འགན། གནའ་དེང་རྩོམ་བསྡུ་ཚན་ཆུང་། ཚབ་ཨང་། 2018014 ཁ་པར། 17797040222

མིང་།  པདྨ་ཚེ་རིང་།   མཐར་ཕྱིན་སྐབས་བཅུ་དྲུག་པ།   སྡོད་གནས།  ཁྲི་ཀ  གསར་འགོད་ལས་འགན།  བརྙན་ལེན་སྒྲིག་སྦྱོར་ཚན་ཆུང་།  ཚབ་ཨང་། 2018021 ཁ་པར།  15597354666

མིང་། རྭ་རྒྱ་བཀྲ་ཤིས།  མཐར་ཕྱིན་སྐབས་ཉེར་གཅིག་པ།   སྡོད་གནས།  མགོ་ལོག་རྭ་རྒྱ།  གསར་འགོད་ལས་འགན། ཡིག་སྒྱུར་ཚན་ཆུང་།  ཚབ་ཨང་། 2018022 ཁ་པར། 18997276672

མིང་། བློ་བཟང་ཆོས་གྲགས།  མཐར་ཕྱིན་སྐབས་བཞི་བ།   སྡོད་གནས།  ཀླུ་ཚང་དགོན།  གསར་འགོད་ལས་འགན། གནའ་དེང་རྩོམ་བསྡུ་ཚན་ཆུང་  ཚབ་ཨང་། 2018013ཁ་པར། 15597354322

མིང་།  བཀྲ་ཤིས་རྡོ་རྗེ།  མཐར་ཕྱིན་སྐབས་བཅུ་བཞི་བ།    སྡོད་གནས།  ཟི་ལིང་།  གསར་འགོད་ལས་འགན།  ཇུས་འགོད་ཚན་ཆུང་།  ཚབ་ཨང་། 2018023 ཁ་པར། 18009745559

མིང་། འཇམ་དབྱངས་ཚུལ་ཁྲིམས།  མཐར་ཕྱིན་སྐབས་གསུམ་པ།   སྡོད་གནས།  འབའ་རྫོང་། གསར་འགོད་ལས་འགན།  ཞུ་དག་ཚན་ཆུང་།  ཚབ་ཨང་།  2018012 ཁ་པར། 13119748545

མིང་། མཁའ་འགྲོ་རྒྱལ།  མཐར་ཕྱིན་སྐབས་བཅུ་དགུ་བའི་དང་བོ།  སྡོད་གནས།   མང་རྫོང་།  གསར་འགོད་ལས་འགན། སྙན་སྒྲོན་ཚན་ཆུང་།   ཚབ་ཨང་། 2018024 ཁ་པར། 16689002273

མིང་། འབུམ་རྩེ་ཡག    མཐར་ཕྱིན་སྐབས་དྲུག་པ།    སྡོད་གནས།  མང་རྫོང་། གསར་འགོད་ལས་འགན།  ཞུ་དག་ཚན་ཆུང་།  ཚབ་ཨང་།  2018006 ཁ་པར།  19909742021

མིང་།  བཀྲ་ཤིས་རྒྱ་མཚོ། མཐར་ཕྱིན་སྐབས་བཅུ་དྲུག་པའི་གཉིས་པ།  སྡོད་གནས།  སོག་རྫོང་།  གསར་འགོད་ལས་འགན། གསར་འགྱུར་ཚན་ཆུང་། ཚབ་ཨང་།  2018048 ཁ་པར། 15110992221


མིང་།  འབྲུག་ལྷ་རྒྱལ།    མཐར་ཕྱིན་སྐབས་དགུ་བ།   སྡོད་གནས།  མང་རྫོང་།  གསར་འགོད་ལས་འགན། ཇུས་འགོད་ཚན་ཆུང་། ཚབ་ཨང་།  2018030 ཁ་པར།  15309746682

མིང་།  དཀོན་མཆོག་འབངས། མཐར་ཕྱིན་སྐབས་གཉིས་པ།  སྡོད་གནས།  འབའ་རྫོང་། གསར་འགོད་ལས་འགན། གསར་འགྱུར་ཚན་ཆུང་། 2018031  ཁ་པར།  15597653455

མིང་འབོ་ར་རྨ་ཆེན་སྐྱབས། མཐར་ཕྱིན་སྐབས་དགུ་བ། སྡོད་གནས། རྨ་ཆེན་རྭ་རྒྱ། གསར་འགོད་ལས་འགན། སྙན་སྒྲོན་ཚན་ཆུང་།  ཚབ་ཨང་།  2018047 ཁ་པར། 13619750900

མིང་། དཀར་མོ་ཡེ་ཤེས། མཐར་ཕྱིན་སྐབས་བཅུ་བཞི་བ། གསར་འགོད་ལས་འགན།  བུ་མོ་སློབ་གྲྭའི་གསར་འགོད་པ།  ཚབ་ཨང་།  2018032  ཁ་པར། 15506756797

མིང་།  བསྟན་ཁོ།   མཐར་ཕྱིན་སྐབས་བཅུ་དྲུག་པའི་གཉིས་པ།  གསར་འགོད་ལས་འགན།  སྤྲི་ཆུར་བཟོ་གྲྭའི་གསར་འགོད་པ།  ཚབ་ཨང་། 2018034   ཁ་པར།  15810498733

མིང་།  རྟ་ནག་བཟོད་པ།  མཐར་ཕྱིན་སྐབས་བརྒྱད་པ།     སྡོད་གནས།   རྟ་ནག་མ།  གསར་འགོད་ལས་འགན། ཡིག་སྒྱུར་ཚན་ཆུང་།  ཚབ་ཨང་།  2018046 ཁ་པར། 18195748880

མིང་། ཨ་རིག་མཁས་བཟང་། མཐར་ཕྱིན་སྐབས་བརྒྱད་པ། སྡོད་གནས།  མདོ་ལ་ཨ་རིག  གསར་འགོད་ལས་འགན།  གསར་འགྱུར་ཚན་ཆུང་། ཚབ་ཨང་། 2018008 ཁ་པར།  15309701122

མིང་།  འཇིགས་མེད་རྣམ་རྒྱལ། མཐར་ཕྱིན་སྐབས་གསུམ་པ། སྡོད་གནས། དགའ་བདེ། གསར་འགོད་ལས་འགན། གནའ་དེང་རྩོམ་བསྡུ་ཚན་ཆུང་། ཚབ་ཨང་།  2018029ཁ་པར། 15352999576

མིང་།  བསོད་རབ། མཐར་ཕྱིན་སྐབས་བཅུ་བ།   སྡོད་གནས།   མགོ་ལོག་རྭ་རྒྱ།  གསར་འགོད་ལས་འགན།  བརྙན་ལེན་སྒྲིག་སྦྱོར་ཚན་ཆུང་། ཚབ་ཨང་།   2018044  ཁ་པར། 18909750303

མིང་།  ནོར་སྟོབས།   སྡོད་གནས།  མགོ་ལོག  གསར་འགོད་ལས་འགན།  བུ་མོ་སློབ་གྲྭའི་གསར་འགོད་པ།  ཚབ་ཨང་།  2018028 ཁ་པར། 15500608330

མིང་། གཙང་རྡོ། མཐར་ཕྱིན་སྐབས་བཅུ་དྲུག་པའི་དང་བོ།  སྡོད་གནས།  མགོ་ལོག་རྭ་རྒྱ། གསར་འགོད་ལས་འགན། བརྙན་ལེན་སྒྲིག་སྦྱོར་ཚན་ཆུང་། ཚབ་ཨང་། 2018038  ཁ་པར། 17609751119

མིང་། ཚེ་རིང་དཔལ་འབྱོར། མཐར་ཕྱིན་སྐབས་ཉེར་གཅིག་པའི་གཉིས་པ། སྡོད་གནས། ་་་  གསར་འགོད་ལས་འགན།  བརྙན་ལེན་སྒྲིག་སྦྱོར་ཚན་ཆུང་།  ཚབ་ཨང་། 2018041 ཁ་པར། 16609754277


༄༅།། ཐེངས་འདིའི་གསོ་སྦྱོང་ལ་ཞུགས་མ་ཐུབ་པའི་གསར་འགོད་པ་སྐོར་ཞིག་གིས་ཆེད་དུ་བྲིས་པའི་དགོངས་ཞུའི་ཡི་གེ།

གནང་ཞུའི་ཡི་གེ།

༄༅།། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་ལྷན་ཚོགས་ཀྱི་དབུ་ཁྲིད་རྣམ་པའི་སྙན་ལམ་དུ་ཞུ་རྒྱུར།

                                                                  ཕྲན་གྱི་མིང་ལ་དཀོན་མཆོག་བསམ་འགྲུབ་ཟེར་ཞིང་།   སྐབས་དྲུག་པའི་མཐར་ཕྱིན་སློབ་མ་ཡིན། སྤྱིར་ཁོ་བོ་ཐེངས་འདིའི་ཟབ་སྦྱོང་འདིེར་ཞུགས་འདོད་ཤིན་ཏུ་ནས་ཆེ་མོད། བདག་སློབ་གྲྭ་ཞིག་ན་དགེ་རྒན་གྱི་མིང་ཙམ་འཛིན་བཞིན་ཡོད་པས་འབྲིང་རྒྱུགས་ལ་ཞུགས་པའི་སློབ་མ་ཚོར་གཟའ་སྤེན་པ་ཡང་ངལ་གསོ་མེད་པར་སློབ་ཁྲིད་བྱེད་དགོས་པས་གནང་བ་ཞིག་སྟེར་རྒྱུ་སྙིང་ནས་རེ་བ་ཡང་ཡང་ཞུ་བཞིན་ཡོད།

སློབ་བུའི་གྲལ་མཐའ་བ་དཀོན་མཆོག་བསམ་འགྲུབ་ཀྱིས།

2018ལོའི་སྤྱི་ཟླ་10ཚེས26ཉིན་ཕུལ།


 གནང་ཞུའི་ཡི་གེ།

༄༅།། གུས་པར་འོས་པའི་གསར་འགོད་ལྷན་ཚོགས་ཀྱི་འགོ་གཙོ་རྣམ་པར་ཞུ་རྒྱུར།

                                                        གུས་པ་ཟླ་འདིའི་ཚེས་༡༨ནས་༢༩བར་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ལྟར་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཟབ་སྦྱོང་ལ་འཚོགས་ཡོད་པས་རང་རེའི་གསར་འགོད་ལྷན་ཚོགས་ཀྱི་ཟབ་སྦྱོང་ལ་ཞུགས་མ་ཐུབ་རྐྱེན། དགོངས་གནང་ཞིག་སྩོལ་རོགས་མཁྱེན་མཁྱེན་ཞུ།

༢༠༡༨/༡༠/༢༥ཉིན་མཐར་ཕྱིན་སྐབས་བཅུ་བཞི་བའི་གསར་འགོད་པ་བྱམས་པ་རྒྱ་མཚོས་གུས་ཕུལ།


གནང་ཞུའི་ཡི་གེ།

 ༄༅།། ལྷག་བསམ་རབ་ཏུ་དཀར་ཞིང་ཐུགས་རྒྱུད་དྲི་མེད་ཀྱི་གསར་འགོད་པའི་རྒྱུན་ལས་ཨུ་ཡོན་རྣམ་པའི་སྙན་ལམ་དུ་ཞུ་རྒྱུར།

                                                  ད་རེབ་ཀྱི་གསར་འགོད་ཚོགས་འདུ་སྐབས་གཉིས་པ་ནི་སྔ་མ་དང་མི་འདྲ་བར་གྲ་ཇེ་རྒྱས་དང་མཐུས་ཇེ་ཚང་དུ་གཏོང་མཁན་གྱི་རྒྱུན་ལས་ཨུ་ཡོན་རྣམས་དང་། སྤྱི་ཚོགས་ཀྱི་བྱ་བའི་གནས་ཚུལ་གལ་འགང་ཆེ་ཤོས་དག་དུས་ལྟར་གསར་འགྱུར་མཁོ་སྤྲོད་གནང་མཁན་གྱི་གསར་འགོད་པ་རྣམ་པ། ཁྱེད་ཅག་དུས་ལྟར་བུང་བ་ཚང་དུ་ལོག་པ་བཞིན་ཕྱོགས་སོ་སོ་ནས་ད་ཐེངས་ཀྱི་ཚོགས་འདུར་གསབ་ཞུགས་གནང་ཐུབ་མཁན་དག་དགའ་སྤྲོ་ཆེན་པོས་གནའ་མཁར་ཟི་ལིང་དུ་ཕེབས་ཀྱིན་པའི་རྣམ་པ་མཐོང་ན། རང་ཉིད་ཀྱི་སེམས་འདི་ཡང་འདུག་མི་བཟོད་པ་འདྲ་འདྲ་གྱུར་མོད། ཁོ་བོར་སྔ་ཉིན་ཏག་ཏག་ལ་རང་གི་མ་ཡུམ་སློབ་གྲྭར་ཆེད་དུ་སྲིད་གཞུང་གི་བཀོད་སྒྲིག་ལྟར་ལས་གནས་དེ་ལྟར་སྤར་བ་ཡིན་པས། སློབ་གྲྭའི་སྒྲིག་ལམ་དང་ལྷག་པར་དུ་དཀྱིལ་རྒྱུགས་ལ་ཉེ་བས་གནང་བ་ཞུ་མ་ཐུབ་པས་དགོངས་དག་དང་བཅས་རྒྱུན་ལས་ཨུ་ཡོན་རྣམ་པར་གནང་བ་ཞུས་པ་ལགས་ན། ཁྱེད་ཅག་མ་ཡུམ་སློབ་གྲྭའི་བྱ་བའི་ཕྱི་ནང་བར་གསུམ་དུ་ཐུགས་ཁུར་བླ་མེད་གནང་མཁན་གྱི་གསར་འགོད་ལྷན་ཚོགས་ཀྱི་འབྲེལ་ཡོད་མི་སྣ་དག་ལ་ཐུགས་རྗེ་སྤྱན་ཡངས་ཤིག་གནང་བར་མཁྱེན་མཁྱེན།

                                       ཞེས་སྐབས་བཅུ་དྲུག་པའི་མཐར་ཕྱིན་འཛིན་གྲྭ་དང་པོའི་གསར་འགོད་འཐུས་ཚབ་པ་རྒྱ་འདུ་སངས་རྒྱས་ཀྱིས།

༢༠༡༨     ༡༨ ཉིན།


གནང་ཞུའི་ཡི་གེ།

        ༄༅།། སྤྱི་ཚོགས་ཞབས་ཞུ་དང་མི་རིགས་སློབ་གསོའི་ལས་དོན་ལ་གཅིག་ཏུ་གཞོལ་བའི་གསར་འགོད་ལྷན་ཚོགས་ཀྱི་ལས་འགན་པ་ཡོངས་ལ་གུས་ཞུ།

                     ཕྲན་གྱི་ན་བ་བདག་ཀྱང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགོད་པ་དཀྱུས་མ་ཞིག་གི་ཐད་ནས་ཐེངས་འདིའི་གསབ་སྦྱོང་ལ་འཇུག་པའི་འདུན་པ་ཆེས་ཆེར་བདོག་ཀྱང་། ད་ཆ་ངེད་སློབ་གྲྭའི་འཐུས་ཚབ་སློབ་བུ་གསུམ་ནུབ་བྱང་མི་རིགས་སློབ་ཆེན་དུ་ཚད་མ་རིག་པའི་བགྲོ་གླེང་འགྲན་སྡུར་ལ་འགྲོ་བའི་དུས་ཚོད་དང་སྟབས་ཁེལ་ཞིང་། ཕྲན་གྱིས་འདི་གའི་མཛུབ་སྟོན་དགེ་རྒན་ཞིག་གི་མིང་ཁུར་ཡོད་པས་ཆེས་བཟང་བའི་གོ་སྐབས་འདི་བརྩོན་ལེན་བྱེད་པར་ཁོམ་ལོང་བྲལ་བའི་ཕངས་སེམས་དང་བཅས། བདག་ལ་དགོངས་གནང་སྩོལ་བའི་རེ་བ་སྙིང་ནས་ཞུ་ཞུ།

   ཞེས་བུ་མོའི་སློབ་གྲྭའི་དགེ་རྒན་པད་དཀར་འབངས་ཀྱིས།

 ༢༠༡༨ · ༡༠  ·  ༢༦   ཉིན།


གནང་ཞུའི་ཡི་གེ།

  ༄༅།། མ་ཡུམ་སློབ་གླིང་གི་གསར་འགོད་ལྷན་ཚོགས་ཀྱི་སྙན་དུ།

                   རྒྱུ་རྐྱེན་གང་མང་གིས་ད་ཐེངས་ཁོ་བོ་གསར་འགོད་ལྷན་ཚོགས་ཀྱི་གསབ་སྦྱོང་ལ་དངོས་བཅར་ཐུབ་མ་སོང་བས། གནང་བ་ཐེངས་གཅིག་སྦྱིན་རྒྱུ་དང་།

རྗེས་ཕྱོགས་འུ་ཅག་གི་བྱ་བ་ལ་ཧུར་བརྩོན་བྱ་རྒྱུའི་དམ་བཅའ་ཡོད་པ་བཅས། 

རྟ་ནག་ལུང་རིགས་ནས།

2018ལོའི་སྤྱི་ཟླ10ཚེས26ལ།


གནང་ཞུའི་ཡི་གེ།


༄༅།། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་ལྷན་ཚོགས་ཀྱི་དབུ་ཁྲིད་རྣམ་པའི་སྙན་ལམ་དུ་ཞུ་རྒྱུར།

                            ཕྲན་གྱི་མིང་ལ་དཀོན་མཆོག་བསམ་འགྲུབ་ཟེར་ཞིང་། སྐབས་དྲུག་པའི་མཐར་ཕྱིན་སློབ་མ་ཡིན། སྤྱིར་ཁོ་བོ་ཐེངས་འདིའི་ཟབ་སྦྱོང་འདིེར་ཞུགས་འདོད་ཤིན་ཏུ་ནས་ཆེ་མོད། དོན་དག་ག་གེ་མོ་ཞིག་གིས་ཞུགས་མ་ཐུབ་པར་གནང་བ་ཞིག་སྟེར་རྒྱུ་སྙིང་ནས་རེ་བ་ཡང་ཡང་ཞུ་བཞིན་ཡོད།

སློབ་བུའི་གྲལ་མཐའ་བ་དཀོན་མཆོག་བསམ་འགྲུབ་ཀྱིས།

2018ལོའི་སྤྱི་ཟླ་10ཚེས26ཉིན་ཕུལ།



གནང་ཞུའི་ཡི་གེ།

༄༅།། བཀུར་འོས་པའི་གསར་འགོད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་ལྷན་རྒྱས།

                              གུས་པ་ང་མཐོ་རྒྱུགས་དབང་གིས་ཐེངས་འདིའི་ཟབ་སྦྱོང་ལ་ཞུགས་མ་ཐུབ་པས་གནང་བ་ཞིག་ཡོད་པར་མཁྱེན་མཁྱེན་ཞུ།   

              སྐབས་ཉེར་གཅིག་པའི་མཐར་ཕྱིན་འཛིན་གྲྭ་དང་བོའི་སློབ་བུ་ལི་ཐང་ཕུན་ཚོགས་ཀྱིས།

༢༠༡༨/༡༠/༢༦ཉིན།


གནང་ཞུའི་ཡི་གེ

 

བཀུར་འོས་པའི་གསར་འགོད་ལྷན་ཚོགས་ཀྱི་འགན་འཛིན་པ་ཡོངས་ལ་ཞུ་རྒྱུར།

ཕྲན་ལ་སྐབས་བཅུ་བདུན་པའི་མཐར་ཕྱིན་འཛིན་གྲྭ་དང་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་གསར་འགོད་པའི་འགན་བབས་ཡོད་སྟབས།  གསར་འགོད་གསབ་སྦྱོང་ལ་ཞུགས་འདོད་ཀྱི་འདུན་པ་དྲག་པོ་ཞིག་ཡོད་མོལ།  འོན་ཀྱང་དངོས་གཞིའི་ལག་རྟགས་ལ་རྒྱུགས་སྤྲོད་པའི་དུས་ཚོད་དང་གཅིག་ཏུ་ཁེལ་འདུག་པས་ཐེངས་འདིར་གསབ་སྦྱོང་ལ་དགོངས་ཡངས་གནང་བར་མཁྱེན་མཁྱེན་ཞུ།

    ཞེས་གསར་འགོད་པ་ཐེབ་ཐོགས་ཕྲུག་ནས་གུས་ཕུལ།

2018.10.25


གནང་ཞུའི་ཡི་གེ།

གཞན་ཕན་གྱི་ཐུགས་རྒྱུད་ཡངས་པའི་གསར་འགོད་ལྷན་ཚོགས་ཀྱི་སྣེ་ཁྲིད་པ་རྣམ་པ་ལགས།
                          བདག་ནི་སྤྱིར་ན་ཐེངས་འདིའི་གསབ་སྦྱོང་འཛིན་གྲྭར་ཞུགས་འདོད་ཀྱི་འདུན་པ་དྲག་པོ་ཡོད་མོད། ཉིན་འགའི་སྔོན་ནས་ངའི་བུ་ཆུང་ལ་ཆམ་ནད་ལྕི་མོ་ཞིག་ཕོག་ཡོད་པ་དེ་ད་དུང་དྲག་མེད་རྐྱེན།     གསབ་སྦྱོང་ལ་དངོས་ཞུགས་བྱེད་མི་ཐུབ་པས་ཁྱེད་སྣེ་ཁྲིད་རྣམ་པས་བདག་ལ་དགོངས་གནང་ཡོད་པར་ཞུ་ཞུ།
གསལ་བཤད།   ཐེངས་རྗེས་མ་ཡང་འདི་ལྟ་བུའི་གསབ་སྦྱོང་གི་གོ་སྐབས་ཡག་པོ་རེ་ཡོད་ན་རང་ཉིད་ལ་དུས་ཚོད་གང་ཡོད་ཀྱིས་ཞུགས་པ་དང་གསར་འགོད་ཀྱི་བྱ་བར་རང་ནུས་ཅི་ལྕོགས་ཀྱིས་ཤུགས་སྣོན་རྒྱག་རྒྱུ་ཡིན་ལགས།         ཚང་མ་བཀའ་དྲིན་ཆེ།

སྐབས་བཅུ་བའི་མཐར་ཕྱིན་འཛིན་གྲྭའི་གསར་འགོད་པ་ཁྲོ་རྒྱལ་གྱིས་གུས་པས་ཕུལ།

 ༢༠༡༨/༡༠/༢༦ཉིན།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-10-25 ལྟ་ཀློག (4220)