གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་འཁྲུངས་སྟོན་སྐབས་བཅུ་གསུམ་པ་བསུ་བའི་ཡིག་གཟུགས་འགྲེམ་སྟོན།

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་འཁྲུངས་སྟོན་སྐབས་བཅུ་གསུམ་པ་བསུ་བའི་ཡིག་གཟུགས་འགྲེམ་སྟོན།

      ༢༠༡༨ལོའི་ཟླ༡༠ཚེས༡༥ཉིན།  མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི་ཞེས་པ་ལྟར། སློབ་མར་ཆུང་དུས་ནས་ཡིག་གཟུགས་ལ་སྦྱང་བ་དཔྱིས་ཕྱིན་པ་ཞིག་བྱས་ན་མཛེས་པར་ཞེན་པ་དང་རིག་པ་གྲིམ་པ། རྒྱུན་ཆགས་བརྩོན་པ་དང་སེམས་རྣལ་དུ་ཕབ་པའི་ནུས་པ་སྐྱེད་སྲིང་བྱེད་པར་དམིགས་ནས་འཆར་གཞི་ལྟར་ཆེད་དུ་མདོ་སྨད་དྷཱིཿཚ་དགོན་ཆེན་གྱི་ཡིག་མཁན་རིག་སྨོན་བསམ་གཏན་རྒྱ་མཚོ་ལགས་གདན་འདྲེན་བྱས་ཏེ།  ཟླ་གཅིག་ལྷག་གི་རིང་ལ་བོད་རང་གི་སྲོལ་རྒྱུན་སློབ་ཁྲིད་བྱེད་ཐབས་ལས་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་འབྲས་བུ་འབྱུང་སླ་བའི་སྦྱང་ཤིང་བརྒྱ་ལྷག་གི་སྟེང་ལ་ཐིག་རྩ་འདེབས་སྲོལ་དང་།  སྨྱུག་ཁམ་བཟོ་སྟངས།  སྣག་ལམ་འདྲེན་སྟངས།  མཐེབ་དབྲིལ་གཏོང་སྟངས་བཅས་སློབ་ཁྲིད་ལེགས་པར་གྲུབ་པས། ཡིག་གཟུགས་ཀྱི་བྲིས་རྒྱུན་དྷཱིཿཚའི་སྨྱུག་རིལ་འབྲི་སྟངས་ཀྱི་སྨྱུག་རིམ་དང་།  གཙང་བཀྲ་ཤིས་ལྷུན་པོའི་བྲིས་རྒྱུན་ཚུགས་ཆེན།   དབུས་བྲིས་འཁྱུག་ཡིག་བཅས་ཀྱི་བརྩམས་ཆོས་བཞི་བརྒྱ་ལྷག་དང་ཡིག་གཟུགས་ལས་བྱ་བརྒྱ་བཅས་སློབ་གྲྭའི་ལུས་རྩལ་ཚོམས་ཆེན་དུ་ཡིག་གཟུགས་འགྲེམ་སྟོན་བྱས། ཐེངས་འདིར་ཆེད་ཞུའི་སྐུ་མགྲོན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་ཚང་གིས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་སྐོར་གྱི་གཏམ་བཤད་མང་པོ་གནང་བ་མ་ཟད།   ཡིག་མཁན་རིག་སྨོན་བསམ་གཏན།  སློབ་གཙོ་བཀྲ་ཤིས་ཚེ་རིང་བཅས་ཀྱིས་ཡིག་གཟུགས་ཀྱི་གལ་ཆེའི་རང་བཞིན་གསུངས་ནས་སློབ་གྲྭའི་འཁྲུངས་སྟོན་སྐབས་བཅུ་གསུམ་པ་བསུ་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས།

   མཇུག་མཐར་རང་སློབ་གྲྭའི་དགེ་སློབ་དྲུག་བརྒྱ་ལྷག་འགྲེམ་སྟོན་ལ་ཞུགས་ནས་བརྩམས་ཆོས་རེ་རེ་ལ་ཞིབ་གཟིགས་མཛད་པ་མ་ཟད་དགེ་སློབ་བཞི་བཅུ་ལྷག་ལ་བྱ་དགའི་གཟེངས་རྟགས་བསྩལ་ནས་རྒྱལ་ཁ་དང་གཟི་བརྗིད་ཀྱིས་མཇུག་གྲོལ་བ་ཡིན།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་ཚང་གིས་དགེ་སློབ་ཡོངས་ཀྱི་ཡིག་གཟུགས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བཞིན་པ།

བོད་ཀྱི་སྲོལ་རྒྱུན་སྦྱང་ཤིང་སྟེང་དུ་ཡུལ་དངོས་སུ་སློབ་མ་ཚོས་ཡིག་གཟུགས་འབྲི་བཞིན་པ།

བོད་ཀྱི་སྲོལ་རྒྱུན་སྦྱང་ཤིང་སྟེང་དུ་ཡུལ་དངོས་སུ་སློབ་མ་ཚོས་ཡིག་གཟུགས་འབྲི་བཞིན་པ།

བོད་ཀྱི་སྲོལ་རྒྱུན་སྦྱང་ཤིང་སྟེང་དུ་ཡུལ་དངོས་སུ་སློབ་མ་ཚོས་ཡིག་གཟུགས་འབྲི་བཞིན་པ།

སློབ་མའི་ཡིག་གཟུགས་བརྩམས་ཆོས་གཙང་བྲིས་དང་།   དབུས་བྲིས་འཁྱུག་ཡིག   སྨོན་ལམ་ཡིག་གཟུགས།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་མཆོག་གིས་ཡུལ་དངོས་སུ་ཕྱག་བྲིས་གནང་བཞིན་པ།

ཡིག་མཁན་རིག་སྨོན་བསམ་གཏན་གྱིས་ཡུལ་དངོས་སུ་ཕྱག་བྲིས་གནང་བ།

སློབ་གཙོ་འབྲུག་འབུམ་རྒྱལ་གྱིས་ཡུལ་དངོས་སུ་ཕྱག་བྲིས་གནང་བ།

སློབ་སྟོན་ཁང་གི་འགོ་གཙོ་སྒྲོལ་མ་སྐྱབས་ཀྱིས་ཡུལ་དངོས་སུ་ཕྱག་བྲིས་གནང་བ།

  ཐེངས་འདིར་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་འཁྲུངས་སྟོན་སྐབས་བཅུ་གསུམ་པ་དང་འབྲེལ་བའི་ཐོན་མིའི་ཕྱག་རྒྱུན་རྟགས་མའི་ཡིག་གཟུགས་འགྲན་བསྡུར་གྱི་བྱ་དགའ་ཐོབ་མཁན་དགེ་སློབ་ཡོངས་ལ་གཟེངས་རྟགས་འབུལ་བཞིན་པ།

སློབ་གྲྭའི་དབུ་ཁྲིད་རྣམ་པའི་མཉམ་པར།

གསར་འགོད་པ།  སློབ་གཙོ་གཞོན་པ་འབྲུག་འབུམ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-10-17 ལྟ་ཀློག (9779)