ཆུ་བ་རྒྱ་བཟའ་འབྲོག་ཨུ་ཁང་གིས་སྒོར་ཁྲི་ལྔ་བཅུ་ང་བརྒྱད་ལྷག་རྭ་རྒྱའི་སློབ་གྲྭར་ཞལ་འདེབས་ཕུལ།

ཆུ་བ་རྒྱ་བཟའ་འབྲོག་ཨུ་ཁང་གིས་སྒོར་ཁྲི་ལྔ་བཅུ་ང་བརྒྱད་ལྷག་རྭ་རྒྱའི་སློབ་གྲྭར་ཞལ་འདེབས་ཕུལ།

     ༢༠༡༨ལོའི་ཟླ་༩ཚེས་༢༦ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གསོའི་མཐུན་རྐྱེན་དང་འཛུགས་སྐྲུན་ཐད་ཆུ་བ་རྒྱ་བཟའ་གཉིས་ཀྱི་མང་ཚོགས་ཁྲོད་མ་སྐུལ་དང་བླངས་སྒོས་དམངས་སྒོར་ཁྲི་ལྔ་བཅུ་ལྷག་གིས་ཞལ་འདེབས་ཕུལ་བ་རེད།

    ཚེས་ཉེར་དྲུག་ཉིན་ཆུ་བ་རྒྱ་བཟའ་གཉིས་ཀྱི་སྡེ་བའི་ཚབ་མཚོན་མི་སྣ་དངོས་སུ་སློབ་གླིང་དུ་ཕེབས་ཏེ་རྒྱ་བཟའི་རུ་ཆུང་གཉིས་ནས་དམངས་སྒོར 279155དང་ཆུ་བའི་རུ་ཆུང་གཉིས་ནས་དམངས་སྒོར་306000བཅས་ཁྱོན་བསྡོམས་དམངས་སྒོར་585155ལྷག་བསྐྱལ་འོང་ནས་རུ་ཆུང་གཉིས་ཀྱི་སྡེ་མི་ཡོངས་ཀྱི་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ད་ལོའི་འཛུགས་སྐྲུན་དང་སློབ་གསོའི་ཞལ་འདེབས་ཐད་ཕུལ་བ་ཡིན་ཞེས་གསུངས།

     འཐུས་ཚབ་མི་སྣ་ཡོངས་ཀྱིས་མགྲིན་དབྱངས་གཅིག་གིས་བཤད་རྒྱུར།    ད་རེས་སྒོར་འདི་ཙམ་ཞིག་བོད་ཀྱི་སློབ་གསོའི་མཐུན་རྐྱེན་ཐད་ཕུལ་བའི་སྐལ་བཟང་མངོན་དུ་གྱུར་བའི་དགེ་རྩ་འདིའི་མཐུ་ལ་བརྟེན་ནས་སློབ་གླིང་འདིའི་བྱེད་པོ་དགེ་རྒན་འཇིགས་མེད་རྒྱལ་མཚན་ལགས་གཙོས་དགེ་རྒན་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཛད་འཕྲིན་སྔར་ལས་རྒྱས་པའི་སྨོན་འདུན་སྙིང་ནས་ཞུས་པ་ཡིན་ཟེར། 

ཞལ་འདེབས་ཕུལ་བའི་ཡུལ་དངོས།

སློབ་གླིང་གི་བྱེད་པོ་དགེ་རྒན་འཇིགས་མེད་རྒྱལ་མཚན་ལགས་དང་འབྲོག་ཨུ་ཁང་གི་འཐུས་ཚབ་པའི་ལྷན་པར།

 གསར་འགོད་པ།    གཡོན་གཞིས་ཁྲོ་རྒྱལ།
༢༠༡༨/༩/༢༧ཉིན།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-09-27 ལྟ་ཀློག (6980)