གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ཕྱོགས་གླང་རིགས་པའི་བརྒལ་བརྟག

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ཕྱོགས་གླང་རིགས་པའི་བརྒལ་བརྟག

  ༢༠༡༨ལོའི་སྤྱི་ཟླ་༩ཚེས་༢༦ཉིན་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ཚད་མའི་དགེ་རྒན་རྣམས་གཙོ་བྱས་བོད་སྐད་ཡིག་ཁྲིད་དཔྱོད་ཁང་གིས་རང་སློབ་གྲྭའི་སློབ་སྦྱོང་གི་མཁའ་དབུགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་དམིགས་ནས་ཟླ་རེར་སྤེལ་བཞིན་པའི་ཕྱོགས་གླང་རིགས་པའི་བརྒལ་བརྟག་སྐབས་ཉེར་གཉིས་པ་སློབ་གྲྭའི་དགྱེས་འཛོམས་ཚོམས་ཆེན་ཁང་ནས་འཚོགས། དགེ་སློབ་དྲུག་བརྒྱ་ལྷག་གིས་དགྱེས་འཛོམས་ཚོམས་ཁང་ནས་རང་སློབ་གྲྭའི་བྱེད་པོ་དམ་པ་མཆོག་གིས་བརྩམས་གནང་མཛད་པའི་སློབ་གླུ་མཉམ་ལེན་བྱས་ཤིང་སློབ་བུ་གནས་ཕྱུག་སྐྱིད་ཀྱིས་མདོ་འཛིན་བྱས། བརྒལ་བརྟག་འགྲན་སྡུར་ཁྲོད་དམའ་འབྲིང་རིམ་པའི་ཕུལ་བྱུང་རྩེར་སོན་འཛིན་གྲྭ་<<ལྷག་དཀར་ཀུན་སྤྱོད་འཛིན་གྲྭ>>་དང་ཕུལ་བྱུང་དམ་བཅའ་སློབ་བུ་བཀྲ་ཤིས་ཆོས་སྐྱིད། ཕུལ་བྱུང་རིགས་སློང་བ་མཐུན་འགྲིག་གསེར་ཟམ་འཛིན་གྲྭའི་སློབ་བུ་དཔལ་སྐྱིད་བཅས་དང་། སློབ་ཆུང་རིམ་པའི་ཕུལ་བྱུང་རྩེར་སོན་འཛིན་གྲྭ་<<རེ་བའི་མེ་དཔུང་འཛིན་གྲྭ་>>དང་། ཕུལ་བྱུང་རིགས་སློང་བ་སློབ་བུ་ཕག་མོ་མཚོ། ཕུལ་བྱུང་དམ་བཅའ་བ་ཁ་བའི་མེ་ཏོག་འཛིན་གྲྭའི་ཚུལ་ཁྲིམས་ལྷ་མོ་བཅས་ཡིན། བྱ་དགའ་ཐོབ་པའི་འཛིན་གྲྭ་དང་སློབ་མ་རྣམས་ལ་བོད་ཀྱི་ཡིག་མཁན་གྲགས་ཅན་དགེན་རིག་སྨོན་བསམ་གཏན་ཚང་དང་སློབ་དོན་པ་དགེན་སྒྲོལ་མ་སྐྱབས་སོགས་ཀྱིས་གཟེངས་རྟགས་གནང་། མཇུག་ཏུ་སློབ་གཙོ་གཞོན་པ་དཔའ་རིས་དགེན་འཇམ་དཔལ་རྣམ་འཇོམས་དང་། བོད་ཡིག་སྡེ་ཁག་གི་འགོ་བ་དགེན་དཀར་མོ་ཡེ་ཤེས་གཉིས་ཀྱིས་ཚད་མ་རིག་པ་དང་རིགས་ལམ་གྱི་དགེ་མཚན། རང་སློབ་གྲྭའི་ཕྱོགས་གླང་རིགས་པའི་བརྒལ་བརྟག་རྒྱུན་སྐྱོང་དགོས་ཚུལ་དང་། སློབ་མ་ཚོས་ཀྱང་སྔར་ལས་ལྷག་པའི་ཤུགས་རྒྱག་དགོས་ཚུལ་སོགས་སྐུད་འདེད་ཀྱི་གཏམ་བཤད་གནང་།

དགེ་སློབ་ཡོངས་ཀྱིས་སློབ་གླུ་ལེན་བཞིན་པ།

སྐབས་ཉེར་གཉིས་པའི་ཕྱོགས་གླང་རིགས་པའི་བརྒལ་བརྟག་སྟེང་ཕེབས་པའི་དགེ་སློབ་ལྷན་རྒྱས།

སློབ་གཙོ་གཞོན་པ་དཔའ་རིས་པ་དགེན་འཇམ་དཔལ་རྣམ་འཇོམས་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

བོད་ཡིག་སྡེ་ཁག་གི་འགོ་བ་དགེན་དཀར་མོ་ཡེ་ཤེས་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

ཚོགས་རའི་གྲུ་ཟུར།

བགྲོ་གླེང་བའི་ཡུལ་དངོས།

མདོ་འཛིན་པ་གནས་ཕྱུག་སྐྱིད།

འཛིན་གྲྭ་སོ་སོའི་དམ་བཅའ་བ།

སྐབས་ཉེར་གཉིས་པའི་ཕྱོགས་གླང་རིགས་པའི་བརྒལ་བརྟག་སྟེང་བྱ་དགའ་ཐོབ་པའི་སློབ་མ་རྣམས།


གསར་འགྱུར་མཁོ་སྤྲོད་པ།    གསར་འགོད་པ། རྭ་རྒྱ་རྟ་མགྲིན་སྐྱབས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-09-27 ལྟ་ཀློག (10082)