སྨན་རམས་པ་མགོན་ཚང་རྡོ་རྗེས་ངེད་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་དུ་བོད་ལུགས་དཔྱད་མཆོག་བདུད་རྩི་ལྔ་ལུམས་ཀྱི་ལག་ལེན་མཛུབ་ཁྲིད་གནང་བ།

སྨན་རམས་པ་མགོན་ཚང་རྡོ་རྗེས་ངེད་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་དུ་བོད་ལུགས་དཔྱད་མཆོག་བདུད་རྩི་ལྔ་ལུམས་ཀྱི་ལག་ལེན་མཛུབ་ཁྲིད་གནང་བ།

    སྨན་རམས་པ་མགོན་ཚང་རྡོ་རྗེ་ལགས་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྨན་རྩིས་ཁང་གིས་གདན་ཞུས་ལྟར་ཕེབས་ཏེ་བོད་སྨན་བདུད་རྩི་ལྔ་ལུམས་ཀྱི་ལག་ལེན་དང་ཉམས་མྱོང་སྐོར་ཞིབ་ཁྲིད་གནང་། ཁོ་རང་ཆུང་དུས་ནས་བཟུང་བོད་ཁུལ་གྱི་སྨན་པ་གྲགས་ཅན་ཁ་ལོ་མཆོག་གི་མདུན་སར་བོད་ཀྱི་གསོ་བ་རིག་པའི་གཞུང་ལག་ལེན་མན་ངག་བཅས་བ་ཐོབ་ཅིང་མི་ལོ་ཉི་ཤུ་ལྷག་ལ་ཁོང་གི་མདུན་དུ་བཅར་བས་ཉེ་གནས་ཀྱི་སློབ་མའི་གཙོ་བོར་གྱུར་ཡོད། ཐེངས་འདིར་ངེད་སྨན་ལུམས་ཁང་གི་སྨན་པ་རྣམས་དང་སློབ་གླིང་གི་གསོ་རིག་ཆེད་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ལ་མེ་བཙའི་སྐོར་གྱི་ལུང་དང་གདམ་པ། སྨན་ལུམས་གྱི་ལག་ལེན་ཉམས་མྱོང་མན་ངག་ཁ་ཚར་དང་བཅས་མཛུབ་ཚུགས་སུ་གནང་།

གསོ་རིག་ཆེད་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ལ་མེ་བཙའི་སྐོར་གྱི་ལུང་དང་གདམ་པ། སྨན་ལུམས་གྱི་ལག་ལེན་ཉམས་མྱོང་སྐོར་གྱི་འཆད་ཁྲིད་གནང་བ།

བདུད་རྩི་ལྔའི་སྨན་རྫས།

ཐེངས་འདིར་ངེད་སྨན་ལུམས་ཁང་གི་སྨན་པ་རྣམས་ལ་སྨན་ལུམས་གྱི་ལག་ལེན་དངོས་ཀྱི་གདམ་པ་གནང་བ།


སྨན་རྫས་ལག་ལེན་དུ་འདེབས་བཞིན་པ།

གསར་འགྱུར་མཁོ་སྤྲོད་པ།  སྐར་ཆེན།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-09-08 ལྟ་ཀློག (8053)