​འབའ་རྫོང་ཐོན་མིའི་སློབ་ཚོགས་ཀྱི་སྐབས་གཉིས་པའི་ལྷན་འཛོམས།

འབའ་རྫོང་ཐོན་མིའི་སློབ་ཚོགས་ཀྱི་སྐབས་གཉིས་པའི་ལྷན་འཛོམས།

        ༢༠༡༨ལོའི་སྤྱི་ཟླ་༧ཚེས་༢༦ཉིན་སྐབས་གཉིས་པའི་འབའ་རྫོང་ཐོན་མིའི་སློབ་ཚོགས་འབའ་ཡུལ་དུང་དཀར་གསོལ་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་།  ཚོགས་འདུའི་སྟེང་དུ་འབའ་རྫོང་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་མགོན་པོ་རྒྱལ་དང་ཚོགས་གཞོན་བློ་བཟང་ཆོས་གྲགས་གཉིས་ཀྱིས་ཚོགས་འདུ་ལ་འགོ་འཛིན་བྱས་པར་མ་ཟད།   འབའ་ཡུལ་ཐོན་མིའི་སློབ་ཚོགས་ཀྱི་ལོ་གཉིས་ཀྱི་ལས་ཀའི་རིམ་པ་དང་། གནད་དོན།དཔལ་འབྱོར་སོགས་སྤྱི་སྡོམ་ཞིབ་མོ་བྱས་པ་དང་།  གངས་ལྗོངས་ཤེས་རིག་ནོར་བའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་སྤྱིའི་ཚོགས་གཙོ་འོད་ཟེར་བཟང་བོ་དང་། དྲུང་ཡིག་པ་འབའ་སྣང་གྲོལ།   གངས་ལྗོངས་ཤེེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་བ་རྡོ།    མཐར་ཕྱིན་རྒན་པ་འཇམ་དབྱངས་ཀླུ་སྒྲུབ་དང་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།  བསམ་གཏན་སོགས་གཙོས་པའི་མཐར་ཕྱིན་སློབ་མ་རྣམས་ཀྱིས་འབའ་ཡུལ་ཐོན་མིའི་སློབ་ཚོགས་ཀྱི་ཁ་ཕྱོགས་དང་དམིགས་ཡུལ།  འཆར་གཞི། གནས་བབ་སོགས་ཟུར་མི་འདྲ་བ་སྣ་ཚོགས་ནས་རང་རང་གི་བསམ་ཚུལ་སྦ་གསང་མེད་པར་བརྗོད་ཅིང་།  མཇུག་མཐར་ཚོགས་ཞུགས་མཐར་ཕྱིན་སློབ་མ་ཡོངས་ཀྱིས་བསམ་ཚུལ་སྤྱི་སྡོམ་དང་གྲོས་མོལ་གཅིག་ལ་འཆམ་ནས་བདེ་བླག་དང་མཇུག་བསྡུས།  

ཚོགས་འདུའི་ཡུལ་དངོས།

ཚོགས་གཙོས་གཏམ་བཤད་གནང་བཞིན་པ།

སློབ་གྲོགས་རྒན་པ་དག་གིས་རང་རང་གི་བསམ་ཚུལ་བརྗོད་བཞིན་པ། 

མཐར་ཕྱིན་རྒན་པ་དག

བསམ་ཚུལ་ལ་གཟན་ནན་ངང་ཉན་པ། 

ལྷན་འཛོམས་མཉམ་པར། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2018-07-26 ལྟ་ཀློག (8993)