སྐབས་བཅུ་དྲུག་པའི་མཐར་ཕྱིན་གཉིས་པའི་དགེ་སློབ་ལྷན་འཛོམས་ཐེངས་གཉིས་པ།

སྐབས་བཅུ་དྲུག་པའི་མཐར་ཕྱིན་གཉིས་པའི་དགེ་སློབ་ལྷན་འཛོམས་ཐེངས་གཉིས་པ།

       ༢༠༡༨ ༧  ༢༡ ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དྲུག་པའི་མཐར་ཕྱིན་གཉིས་པ་སྟེ་ཁ་བ་རུ་བ་འཛིན་གྲྭའི་དགེ་སློབ་འདུ་འཛོམས་ཐེངས་གཉིས་པ་མཚོ་སྔོན་པོའི་ལྷོ་རྒྱུད་རྟ་ནག་མ་གྲོལ་རྡལ་གྱི་ཉེ་འདབས་སུ་ཚོགས། ཚོགས་ཐོག་ཏུ་དགེ་རྒན་འཇམ་དབྱངས་དཔལ་བཟང་དང་། དགེ་རྒན་རུ་མང་འཕྲིན་ལས། དབྱིན་ཡིག་དགེ་རྒན་དགེ་འདུན་རབ་བརྟན་རྣམས་དངོས་སུ་ཞུགས་ཏེ་མཛད་སྒོའི་གཏམ་བཤད་དང་སློབ་བུ་དག་ལ་མི་གཞི་ཀུན་སྤྱོད་ཀྱི་ཐད་ན་བསླབ་བྱ་གྱ་ནོམ་པ་བསྩལ། ཐེངས་འདིར་དགེ་སློབ་བཞི་བཅུར་ཉེ་བ་ཞིག་འཛོམས་ཡོད་ལ། འདུ་འཛོམས་ཀྱི་ཉིན་དང་བོར་སློབ་གྲོགས་ཡོངས་ཀྱིས་རང་ཉིད་ཀྱི་ལས་རིགས་འདྲ་མིན་དང་ཉམས་མྱོང་བརྗེ་རེས་སོགས་བགྲོ་གླེང་གནང་སྟེ་ལྟ་ཚུལ་གྱི་ངོས་ཟུར་མི་འདྲ་བ་ལས་སློབ་གྲོགས་ཕན་ཚུན་ལ་བློ་བསྐྱེད་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ།
      ཉིན་གཉིས་པར་དགེ་སློབ་ཡོངས་ཝོའོ་ཡེ་ཚྭ་མཚོ་དཀར་མོར་ཁམས་གསེང་ལ་ཕེབས་ཤིང་ཆར་ཞོད་ཀྱི་ངར་ཁ་ཇི་ལྟར་རྒོད་ཀྱང་ཁོ་ཚོའི་སྣང་བ་ནི་དགའ་བདེ་དཔལ་གྱིས་ཁེངས་ཡོད།

    ཉིན་དེའི་ཕྱི་དྲོར་ཐེངས་འདིའི་དགྱེས་འཛོམས་ལ་རྒྱབ་སྐྱོར་དང་ཐུགས་ཁུར་བླ་མེད་གནང་མཁན་གྱི་སློབ་བུ་བསྟན་ཁོའི་ཉེ་མི་ཀུན་ལ་བཀའ་དྲིན་ཞུ་མཚོན་གྱི་ལེགས་སྐྱེས་ཕུལ་བ་དང་སློབ་གྲོགས་རེ་འགར་ཡང་གཟེངས་རྟགས་ཕུལ་ཏེ་རྟིང་སྐུལ་གནང་།
      ཟླ་འདིའི་ཚེས་༢༣ རང་སློབ་གྲྭའི་སྐབས་ལྔ་བའི་མཐར་ཕྱིན་སློབ་མ་རྟ་ནག་ལུང་རིགས་ཕེབས་ཏེ་སྤྱི་ཚོགས་ཀྱི་ངོ་བོ་ནི་མཁས་པ་རེ་འགའི་ལེགས་བཤད་དང་རང་གི་མྱོང་ཚོར་གཉིས་སྦྲགས་ཏེ་མཇུག་མཐའི་གཏམ་དཔྱད་གནང་སྟེ་ཁ་བ་རུ་བ་ཚང་གི་སྐབས་གཉིས་པའི་དགེ་སློབ་དགྱེས་འཛོམས་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་ནས་མཇུག་བསྡུས།

ཁ་བ་རུ་བའི་དགེ་སློབ་ལྷན་འཛོམས།

དགེ་རྒན་རྣམས་ཀྱིས་སློབ་བུ་དག་ལ་མི་གཞི་ཀུན་སྤྱོད་ཀྱི་ཐད་ཀྱི་བསླབ་བྱ་གནང་བཞིན་པ།

ཁ་བ་རུ་བའི་དགེ་སློབ་ལྷན་འཛོམས།

ཁ་བ་རུ་བའི་དགེ་སློབ་ལྷན་འཛོམས།

ཐེངས་འདིའི་དགེ་སློབ་ལྷན་འཛོམས་ལ་རྒྱབ་སྐྱོར་གནང་མཁན་རྣམས་ལ་བཀའ་དྲིན་ཞུ་མཚོན་གྱི་ལེགས་སྐྱེས་གནང་བ།

ཁ་བ་རུ་བའི་དགེ་སློབ་ལྷན་འཛོམས།

གནས་ཚུལ་མཁོ་སྤྲོད་པ།  གསར་འགོད་པ།  པདྨ་ཚེ་རིང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-07-24 ལྟ་ཀློག (5613)