མགར་རྩེ་ཚོ་བ་བཅོ་བརྒྱད་ཀྱིས་སློབ་ཁྲིད་ཐོག་ཁང་གསར་བ་ཞིག་བཞེངས་རྒྱུ་ཁས་ལེན་བྱས་པ།

རྭ་རྒྱ་དགོན་པའི་ལྷ་སྡེ་མགར་རྩེ་ཚོ་བ་བཅོ་བརྒྱད་ཀྱིས་ཤེས་རིག་ནོར་བུའི་གླིང་དུ་སློབ་ཁྲིད་ཐོག་ཁང་གསར་བ་ཞིག་བཞེངས་རྒྱུ་ཁས་ལེན་བྱས་སོང་།

   2018.7.13 ཉིན་རྭ་རྒྱ་དགོན་པའི་ལྷ་སྡེ་མགར་རྩེ་ཚོ་བ་བཅོ་བརྒྱད་ཀྱི་སྤྱི་བ་རྣམ་པ་དང་སྡེ་དཔོན་རྒན་གཞོན་སོགས་མགར་གོང་ཞོལ་གཉིས་ཀྱི་མི་སྣ་ལྔ་བཅུ་ལྷག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཡོང་སྟེ། གླིང་སྟོད་སྨད་གཉིས་ཀྱི་འཛུགས་སྐྲུན་ལ་ཞིབ་ལྟ་བྱས་ཤིང་སློབ་ཁང་གིས་མི་འདང་བ་དང་སློབ་ཁང་རྙིང་ཧྲིལ་དུ་གྱུར་བའི་དཀའ་ཁག་ལ་དམིགས་ཏེ་སློབ་ཁང་སུམ་ཐོག་ཅན་ཞིག་བཞེངས་རྒྱུའི་ཁས་ལེན་བྱས་སོང་། སློབ་ཁྲིད་ཐོག་ཁང་དེར་མ་དངུལ་སྒོར་ཁྲི་ཉིས་བརྒྱ་བརྒྱད་ཅུ་རེད།

  ཆུ་ཚོད་བཞི་ཡས་མས་སུ་མགར་རྩེའི་འཐུས་ཚབ་མི་སྣ་ལྔ་བཅུ་ལྷག་ཐོག་མར་གླིང་སྨད་དུ་ཡོང་སྟེ་སློབ་གྲྭ་སྤྱིའི་ཁོར་ཡུག་དང་མལ་ཁང་དང་། སློབ་ཁང་སོགས་རེ་རེར་བལྟས་ཤིང་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་སྣེ་ལེན་དང་མཚམས་སྦྱོར་ཞིབ་མོ་གནང་།
དེ་རྗེས་ཨ་མྱེས་ཁྲ་རྒན་རིག་གནས་ཁམས་བསང་གླིང་ནས་ཚོགས་འདུ་འཚོགས་ཤིང་། སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་སློབ་གྲྭའི་མི་ལོ་ཉི་ཤུའི་ཀྱག་ཀྱོག་གི་བརྒྱུད་རིམ་གསལ་བཤད་གནང་བར་ཀུན་ལ་ཡིད་འགུལ་ཚད་མེད་ཐེབས།  མགར་རྩེའི་འཐུས་མི་མང་བོས་ཀྱང་གཏམ་བཤད་རིམ་པར་གནང་། མཐར་འཚོགས་འདུའི་སྟེང་སློབ་གྲྭར་སློབ་ཁང་སུམ་ཐོག་ཅན་ཞིག་བསྐྲུན་རྒྱུར་གྲོས་མཐུན་བྱུང་། མཐར་དགེ་རྒན་དང་ལས་བཟོ་རྣམས་ཀྱང་ཡིད་འགུལ་ཐེབས་ཏེ་ཁོང་རྣམ་པར་བཀའ་དྲིན་ཆེ་ཞུས་ཤིང་ཡིད་ཆེས་དང་དགའ་སྤྲོའི་ངང་སྐྱེལ་མ་བྱས།

རྭ་རྒྱ་དགོན་པའི་ལྷ་སྡེ་མགར་རྩེ་ཚོ་བ་བཅོ་བརྒྱད་ཀྱི་སྡེ་སྤྱི་གཉིས་ཀྱི་མི་སྣ་ལྔ་བཅུ་ལྷག་ཆེད་ཕེབས་ཀྱིས་སློབ་མའི་ཉལ་ཁང་སོགས་ལ་གཟིགས་ཞིབ་གནང་བ།

གླིང་སྟོད་སྨད་གཉིས་ཀྱི་སློབ་ཁང་དང་མལ་ཁང་སོགས་ཀྱི་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་བཞིན་པ།

སློབ་མའི་ཉལ་ཁང་སོགས་ལ་གཟིགས་རྗེས་སྡེ་བའི་འཐུས་ཚབ་མི་སྣས་བསམ་ཚུལ་གསུངས་པ།


སློབ་ཁང་གིས་མི་འདང་བ་དང་སློབ་ཁང་རྙིང་ཧྲིལ་དུ་གྱུར་བའི་དཀའ་ཁག་ལ་དམིགས་ཏེ་ཆེད་ཕེབས་ཡོངས་ཀྱིས་སློབ་ཁང་སུམ་ཐོག་ཅན་ཞིག་བཞེངས་རྒྱུའི་ཁས་ལེན་བྱས་པ།

མ་འོངས་པར་བཞེངས་འཆར་ཡོད་པའི་སློབ་ཁྲིད་ཐོག་ཁང་གི་བཟོ་སྐྲུན་འཆར་གཞིའི་འདྲ་པར།

ཐེངས་འདིར་ཆེད་ཕེབས་ཀྱི་འཐུས་ཚབ་མི་སྣའི་མཉམ་པར།

གསར་འགོད་པ། བཟོད་པ་བཟང་བོ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-07-13 ལྟ་ཀློག (21610)