གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་ཐ་སྙད་འགྲན་སྡུར་ཆེན་མོ།

གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་ཐ་སྙད་འགྲན་སྡུར་ཆེན་མོ།

      རང་སློབ་གླིང་གི་ལོ་རེའི་འཆར་ཅན་ལྟར་སློབ་སྐབས་རེ་ལ་ཐ་སྙད་འགྲན་སྡུར་ཐེངས་རེར་སྤེལ་བཞིན་ཡོད་ལ།   ཟླ་འདིའི་ཚེས་26ཉིན་ཐ་སྙད་རྩོམ་སྒྲིག་ཚན་ཆུང་སྐབས་ཉེར་གཅིག་པའི་གཙོ་སྒྲུབ་བྱས་ཏེ་གླིང་སྨད་དུ་བྱ་འགུལ་གཟབ་རྒྱས་ངང་སྤེལ། ཐ་སྙད་འགྲན་སྡུར་འདི་ནི་བོད་སྐད་རྐྱང་རྐྱང་གི་ཐ་སྙད་གསར་བ་དག་བློར་འཛིན་པ་ཙམ་མ་ཡིན་པར་བོད་སྐད་ཀྱི་ཐ་སྙད་རྒྱ་སྐད་ཀྱི་ལམ་ནས་བཤད་པ། རྒྱ་སྐད་ཀྱི་ཐ་སྙད་བོད་སྐད་ཀྱི་ལམ་ནས་བཤད་པ། ཉམས་དམས་སུ་འགྲོ་བཞིན་པའི་བོད་ཀྱི་སྲོལ་རྒྱུན་གྱི་ཡོ་བྱད་རྣམས་པར་རིས་སུ་བཀོད་པ་ལ་བལྟས་ནས་མིང་ངོས་འཛིན་པ་བཅས་རྣམ་པ་གཉིས་ཀྱི་སྒོ་ནས་འགྲན་སྡུར་བྱས། འགྲན་སྡུར་ཁྲོད་རྒྱལ་ཁ་ཐོབ་པའི་ཕུལ་བྱུང་འཛིན་གྲྭ་གཅིག་དང་སློབ་སྐབས་གཅིག་གི་སྤྱི་སྡོམ་ཁྲོད་ཕུལ་བྱུང་འཛིན་གྲྭ་གཅིག་བཅས་ཕུལ་བྱུང་འཛིན་གྲྭ་གཉིས་དང་དགའ་རྟགས་ཐོབ་པའི་སློབ་མ་བཅུ་ལ་བྱ་དགའ་བྱིན། 

     སློབ་སྐབས་གཅིག་གི་ཕུལ་བྱུང་འཛིན་གྲྭ་དམའ་གཅིག་འཛིན་གྲྭ་དང་འགྲན་སྡུར་ཁྲོད་རྒྱལ་ཁ་ཐོབ་པའི་ཕུལ་བྱུང་འཛིན་གྲྭ་མཐར་ཕྱིན་འཛིན་གྲྭ་དང་བོ་ཡིན།

བྱ་དགའ་ཐོབ་མཁན་གྱི་སློབ་གྲོགས་དག་ནི།
ཨང་དང་བོ་ཐོབ་མཁན།
མཐར་ཕྱིན་དང་བོའི་རྡོ་རྗེ་དོན་གྲུབ།
ཨང་གཉིས་པ་ཐོབ་མཁན།
མཐར་ཕྱིན་གཉིས་པའི་བརྩོན་འགྲུས། 
ཐོ་གཉིས་དང་བོའི་ལྕགས་ཐར་འབུམ
ཨང་གསུམ་པ་ཐོབ་མཁན།
མཐར་ཕྱིན་དང་བོའི་སྐལ་བཟང་དོན་གྲུབ།
མཐོ་གཅིག་གཉིས་པའི་དངོས་གྲུབ་བསམ་འཕེལ། 
མཐར་ཕྱིན་གཉིས་པའི་ཀེ་ཐོ་སྐྱབས།
རྟིང་སྐུལ་བྱ་དགའ་ཐོབ་མཁན།
མཐར་ཕྱིན་གཉིས་པའི་འོད་ལྡན།
མཐོ་གཉིས་གཉིས་པའི་མཁའ་འབུམ་ཚེ་རིང་།
འབྲིང་གཉིས་ཀྱི་རྡོ་རྗེ་ཚེ་རིང་།
མཐོ་གཅིག་དང་བོའི་སྐལ་བཟང་རྣམ་རྒྱལ།
    མཐར་སློབ་དཔོན་དམ་པ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་མཇུག་སྡོམ་གྱི་ཚུལ་དུ་གསུང་བཤད་གནང་ཞིང་ཐ་སྙད་རྩོམ་སྒྲིག་ཚན་ཆུང་སྐབས་ཉེར་གཅིག་པའི་ལོ་གཅིག་གི་བྱ་བཞག་ལ་བསྔགས་བརྗོད་གནང་རྗེས་དགེ་སློབ་ཡོངས་ཀྱི་དགའ་བའི་ཐལ་སྒྲ་དང་ལྷན་འགྲན་སྡུར་ཡོངས་སུ་མཇུག་བསྡུས། ཐེངས་འདིར་ཐ་སྙད་རྩོམ་སྒྲིག་ཚན་ཆུང་སྐབས་ཉེར་གཅིག་པས་གཙོ་སྒྲིག་བྱས་པའི་ཆོས་ཀྱི་རྣམས་གྲངས་ཐོན་མིའི་ཞལ་རྒྱུན་ཞེས་པའི་དེབ་འདི་ལ་དཔལ་འབྱོར་གྱིས་རྒྱབ་བསྐྱོར་བླ་མེད་གནང་མཁན་དག་ནི།  
ཤེར་ཁོ། དམངས་སྒོར༡༠༠༠༠  ཐར་ཤུལ་དོན་གྲུབ་རྒྱལ།༡༠༠༠༠   ཚེ་བརྟན།༡༠༠༠༠   ཀར་རབ།༨༠༠༠   འདིས་ཀྱང་རང་རིགས་ཀྱི་ཕ་སྐད་གཙང་མ་ཉམས་པ་གསོ་བྱེད་དང་མ་ཉམས་གོང་འཕེལ་གྱི་ཕྱིར་དུ་འགྱུར་བར་སྨོན།

ཕ་སྐད་དོ་དམ་ཚན་ཆུང་།

ཐེངས་འདིའི་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་མཁན་དག

སྦྱིན་བདག་ཐར་ཤུལ་དོན་གྲུབ།

སྦྱིན་བདག་ཚེ་བརྟན།

སྦྱིན་བདག་ལྕགས་ཐེ་ཀར་རབ།

སྦྱིན་བདག་ཤེར་ཁོ།

ཆོས་ཀྱི་རྣམ་གྲངས་ཐོན་མིའི་ཞལ་རྒྱུན། 

གསར་འགོད་པ།   དགེ་རྒན་ཀརྨ་ལམ་བཟང་།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2018-07-01 ལྟ་ཀློག (3793)