གངས་ལྗོངས་གཅེས་ནོར་སྐབས་༡༩བའི་མཚོ་སྔོན་ཚོང་དོན་ཚོགས་ཆེན་དང་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་འཚོང་དུ་ཞུགས།

     2018ལོའི་སྤྱི་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་མཚོ་སྔོན་གྱི་སྐབས19བའི་མཚོ་སྔོན་པོ་ཚོང་གཏམ་གྲོས་མོལ་ཚོགས་ཆེན་དེ་ཟི་ལིང་གྲོང་ཁྱེར་མཁར་ལྷོ་ས་ཁུལ་གྱི་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་འཚོང་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ།
      ཐེངས་འདིའི་འགྲེམ་ཚོང་སྟེང་ཧྲང་ཧེ་གྲོང་ཁྱེར་གྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་李逸平ལིས་ཡུའི་ཕེན།    མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་王建军བང་ཅན་ཇོན།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ韩建华ཥན་ཅན་ཧྭ།  མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཧྲུའུ་ཅུ་武玉嶂བོའུ་ཡས་ཀྲང་།   མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཧྲུའུ་ཅུའུ་གཞོན་པ་དང་ཁུལ་དཔོན་པད་རྒྱལ་བཀྲ་ཤིས།白加扎西སོགས་འབྲེལ་ཡོད་འགོ་ཁྲིད་རྣམས་མཚོ་སྔོན་གྱི་ཚོང་དོན་བཞུགས་མོལ་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་སྟེ་གངས་ལྗོངས་གཅེས་ནོར་རྟགས་མའི་ཐོན་རྫས་ལ་གདེངས་འཇོག་དང་མཛུབ་སྟོན་གལ་ཆེན་གནང་འདུག
     ཐེངས་འདིའི་མཚོ་སྔོན་པོ་ཚོང་གཏམ་གྲོས་མོལ་ཚོགས་འདུའི་སྟེང་།  མགོ་ལོག་དང་ཡུལ་ཤུལ་སོགས་མཚོ་སྔོན་གྱི་ས་གནས་སོ་སོ་དང་མི་རིགས་སོ་སོའི་ཁེ་ལས་གསར་བཏོད་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་ལག་རྩལ་ཐོན་རྫས་དག་འགྲེམ་སྟོན་བྱས། 
     གངས་ལྗོངས་གཅེས་ནོར་རྟགས་མ་གཙོས་མིའི་བདེ་ཁམས་དང་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་པའི་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་དུག་རྫས་མེད་པའི་ཟས་རིགས་དང་།  ལྷད་མེད་སྤུས་གཙང་གི་དངོས་ཟོང་ཁེ་ལས་བརྗེ་རེས་བྱས་ཏེ།  ཏང་གི་ཚོགས་ཆེན་ཐེངས་བཅུ་དགུའི་དགོངས་དོན་བཞིན་བརྒྱུད་གཅིག་ལམ་གཅིག་གི་ཚོང་ལས་སྲིད་ཇུས་དང་།  ཁེ་ལས་དཔལ་ཡོན་གྱི་འཐབ་ཇུས་ལག་བསྟར་བྱས་ཏེ་དཔལ་ཡོན་ཅན་གྱི་སྤྱི་ཚོགས་ལ་རྣམ་པ་གསར་བའི་འཕེལ་རྒྱས་བསྣན་ཡོད།
      ཐེངས་འདིར་གངས་ལྗོངས་གཅེས་ནོར་རྟགས་མའི་ཟས་རིགས་ལ།  འབྲེལ་ཡོད་འགོ་ཁྲིད་རྣམས་ཀྱིས་མཛུབ་སྟོན་བྱས་པ་དང་གདེངས་འཇོག་བླ་མེད་ཐོབ་པར་མ་ཟད།  རྒྱ་ཆེ་བའི་འཛད་སྤྱོད་པ་རྣམས་ཀྱིས་ཀྱང་དགའ་བསུ་དང་ཡིད་ཆེས་ཆེན་པོ་ཐོབ་ཡོད།
     དུག་རྫས་སྦྱར་མའི་ཟས་རིགས་མང་བོ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་བའི་དུས་འདིར།  མཐོ་སྒང་གི་ས་ཁམས་དང་མཐུན་ཞིང་བདེ་ཐང་གི་འཚར་ལོངས་ལ་ཕན་པའི་གངས་ལྗོངས་གཅེས་ནོར་རྟགས་མའི་ཟས་རིགས་ནི།  འཛམ་གླིང་གི་འཛད་སྤྱོད་པ་ཡོངས་ཀྱི་ཚེ་སྲོག་དང་བདེ་སྐྱིད་ཀྱི་གྲོགས་བཟང་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད།

   ཧྲང་ཧེ་གྲོང་ཁྱེར་གྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ལིས་ཡུའི་ཕེན།

上海市政协副主席李逸平

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་བང་ཅན་ཇོན།

青海省委书记省长王建军

མཚོ་སྔོན་ཞིང་ཆེན་ཧྲིན་ཀྲང་གཞོན་པ་ཥན་ཅན་ཧྭ།

青海省人民政府副省长党组成员韩建华

མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཧྲུའུ་ཅུ་བོའུ་ཡས་ཀྲང་།

果洛州委书记武玉嶂

མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཧྲུའུ་ཅུའུ་གཞོན་པ་དང་ཁུལ་དཔོན་པད་རྒྱལ་བཀྲ་ཤིས།

果洛州委副书记、州长白加扎西

གངས་ལྗོངས་གཅེས་ནོར་གསར་གཏོད་པ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་དང་ལས་བཟོ་བ་སྐོར་ཞིག

གངས་ལྗོངས་གཅེས་ནོར་རྟགས་མའི་ཐོན་རྫས་འགྲེམ་སྟོན་གྱི་ཟུར་དངོས་ཤིག

གསར་འགོད་པ།  ཐེབ་ཐོགས་ཕྲུག


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2018-06-29 ལྟ་ཀློག (14161)