སློབ་མའི་ཉལ་ཁང་ཐོག་བརྩེགས་གསུམ་ཅན་གྱི་སྦྱིན་བདག་བྱེད་པར་གྲོས་ཐག་བཅད་པ།

སློབ་མའི་ཉལ་ཁང་ཐོག་བརྩེགས་གསུམ་ཅན་གྱི་སྦྱིན་བདག་བྱེད་པར་གྲོས་ཐག་བཅད་པ།

      2018.6.24 ཉིན་རྨ་ཆེན་རྫོང་རྟ་བོ་ཡུལ་ཚོའི་རྐྱང་ཆེན་འབྲོག་དམངས་བསྐོས་མི་ལྷན་ཁང་གི་འགོ་ཁྲིད་རྣམ་པས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཕྱིའི་འཛུགས་སྐྲུན་ཐད་ལ་དཀའ་ངལ་འཕྲད་ཀྱིན་ཡོད་པ་ཐོས་ནས་སྡེ་བའི་ལས་སྣེ་བ་བཞི་བཅུ་ལྷག་ཁྲིད་དེ་སློབ་གླིང་གི་ཞིག་རལ་དུ་སོང་བའི་ཉལ་ཁང་དང་སློབ་ཁང་དག་ལ་ལྟ་ཞིབ་ནན་མོ་བྱས་ཤིང་། སྡེ་བའི་ལས་ཀྱི་སྣེ་མོ་བ་རྣམས་དང་གྲོས་མོལ་གང་མང་བྱས་ཏེ། མི་རིགས་སློབ་གསོའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་པ་དང་རང་ཉིད་ཀྱི་འབད་འབུངས་ལ་བརྟེན་ནས་བསགས་པའི་དཔལ་འབྱོར་དེ་དག་དོན་ལྡན་གྱི་ཕྱོགས་སུ་འགྲོ་བར་གྲོས་ཁ་གཅིག་ཏུ་མཐུན་ཏེ། མཐར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མའི་ཉལ་ཁང་ཐོག་བརྩེགས་གསུམ་ཅན་གྱི་སྤྱིན་བདག་བྱེད་པར་གྲོས་ཐག་བཅད་ཡོད།    གནས་ཚུལ་འདིས་ནི་ངེད་སློབ་གླིང་ལ་རྒྱབ་སྐྱོར་དང་མཐོང་ཆེན་བྱས་པ་མཚོན་པར་མ་ཟད།  འབྲོག་པ་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་བ་དང་བོད་མི་རིགས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསར་བ་ཞིག་ཀྱང་བསྟན་ཡོད།  ངེད་སློབ་གླིང་དྲ་ཚིགས་ཀྱིས་སློབ་གླིང་གི་དགེ་སློབ་ཡོངས་ཀྱི་ཚབ་བྱས་ནས་རྟ་བོ་རྐྱང་ཆེན་འབྲོག་དམངས་ཡོངས་ལ་བཀའ་དྲིན་ཆེ་ཞུ།

ཉིན་རྨ་ཆེན་རྫོང་རྟ་བོ་ཡུལ་ཚོའི་རྐྱང་ཆེན་འབྲོག་དམངས་བསྐོས་མི་ལྷན་ཁང་གི་འགོ་ཁྲིད་རྣམ་པར་སྣེ་ལེན་བྱས་པ།

སློབ་གྲྭའི་ཕྱི་ནང་གི་འཛུགས་བསྐྲུན་ལ་ལྟ་ཞིབ་བྱེད་ཀྱིན་པ།

སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་སློབ་མའི་ཉལ་ཁང་གི་གནས་ཚུལ་སོགས་ངོ་སྤྲོད་བྱས་པ།

སློབ་གྲྭར་རྒྱབ་སྐྱོར་གནང་མཁན་སྦྱིན་བདག་རྣམས་ཀྱི་མཚན་བྱང་བཀོད་པའི་རྡོ་རིང་ལ་གཟིགས་པ།

སློབ་མའི་ཉལ་ཁང་གནས་ཚུལ་ལ་གཟིགས་རྗེས་སྐུ་མགྲོན་རྣམས་སེམས་འགུལ་ཐེབས་པ།

སློབ་གྲྭའི་ཕྱི་ནང་གི་འཛུགས་བསྐྲུན་བྱས་ཚུལ་སྐུ་མགྲོན་རྣམས་ལ་ངོ་སྤྲོད་གནང་བ།

ཆེད་ཕེབས་སྐུ་མགྲོན་རྣམས་ཀྱིས་སློབ་མའི་ཉལ་ཁང་ཐོག་བརྩེགས་གསུམ་ཅན་གྱི་སྦྱིན་བདག་བྱེད་པར་གྲོས་ཐག་བཅད།

ཆེད་ཕེབས་སྐུ་མགྲོན་རྣམས་ཀྱིས་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-06-25 ལྟ་ཀློག (6210)