དར་གོས་ཚོང་ལམ་ནས་ཡ་གླིང་གི་ནུབ་ཕྱོགས་སུ་བསྐྱོད་པའི་བོད་ཀྱི་ཐོན་རྫས།

ཡང་བསྐྱར་དར་གོས་ཚོང་ལམ་ནས་ཡ་གླིང་གི་ནུབ་ཕྱོགས་སུ་བསྐྱོད་པའི་བོད་ཀྱི་ཐོན་རྫས།

གངས་ལྗོངས་གཅེས་ནོར།

     2018ལོའི་སྤྱི་ཟླ5བའི་ཚེས20ཉིན་ཀྲུང་གོའི་ཚོང་དོན་སྡེ་ཁག་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་མི་དམངས་སྲིད་གཞུང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྡེ་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་སྐབས16ཧ་སག་ཁི་སི་ཐན་ཀྲུང་གོའི་ཚོང་རྫས་འགྲེམ་སྟོན་དེ་ཧ་སག་ཁི་སི་ཐན་ཨ་ལཱ་མོ་ཐོའུ་གྲོང་ཁྱེར་དུ་བསྡུས།     ཐེངས་འདིའི་འགྲེམ་སྤེལ་གྱི་དམིགས་ཡུལ་གཙོ་བོ་ནི་རྒྱུད་གཅིག་ལམ་གཅིག་སྲིད་ཇུས་ཀྱི་ཚོང་འབྲེལ་ལམ་ཐིག་དངོས་སུ་བརྒྱུད་རྒྱུ་དེ། ཧ་སག་ཁི་སི་ཐན་གྱི་གླིང་ཁྱབ་ཁེ་ལས་དཔལ་འབྱོར་བརྗེ་རེས་མཉམ་ལས་དང་ལྷན་དུ་ཚོང་འབྲེལ་ལམ་ཐིག་ལ་གང་མྱུར་གྱིས་ཞུགས་ཤིང་ལྷད་མ་ཞུགས་པའི་ཚོང་ཟོག་ལས་རིགས་ཁྱབ་སྤེལ་གཏོང་བའི་ཆེད་ཡིན།

    ཐེངས་འདིར་གངས་ལྗོངས་གཅེས་ནོར་འགན་འཁྲི་ཚང་ཡོད་མཐུན་གཉེར་ཁང་གི་སྤྱི་གཉེར་བ་བདྨ་མཁའ་འགྲོ་ཧ་སག་ཁི་སི་ཐན་ཀྲུང་གོའི་ཚོང་རྫས་འགྲེལ་སྤེལ་དང་ཧ་སག་ཁི་སི་ཐན་གླིང་ཁྱབ་ཁེ་ལས་དཔལ་འབྱོར་བརྗེ་རེས་མཉམ་ལས་ཚོགས་འདུར་ཞུགས།  མཛད་སྒོ་སྤེལ་རྗེས་ཧ་སག་ཁི་སི་ཐན་ཨ་ལཱ་མོ་ཐོའུ་གྲོང་ཁྱེར་གྱི་ཨ་ཐེ་ཡཱེ་ཧྥུ་དང་ཧ་སག་ཁི་སི་ཐན་ཨ་ལཱ་མོ་ཀྲུང་གོའི་དོན་གཅོད་ཁང་གི་དོན་གཅོད་སྤྱི་བ་ཀྲང་ཝེ། ཧ་སག་ཁི་སི་ཐན་ཀྲུང་གོའི་གཞུང་ཚབ་ཁང་དཔལ་འབྱོར་ཚོང་དོན་གྱི་ཝང་ཅན་དང་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུའུ་ཡི་འགོ་གཙོ་མཱ་ཅུས་སོགས་ཀྱིས་མཚོ་སྔོན་སྡེ་ཁག་གི་སྒོ་འབྱེད་མཛད་སྒོའི་དར་ཚོན་བཅད་ཅིང་ཚོང་རྫས་ལ་གཟིགས་བསྐོར་མཛད་རྗེས་བོད་ཀྱི་ཐོན་རྫས་གངས་ལྗོངས་གཅེས་ནོར་ལ་རྒྱལ་སྤྱིའི་འཛད་སྤྱོད་པའི་གདེངས་དང་བསྔགས་བརྗོད་ཐོབ།

    མཚོ་སྔོན་སྡེ་ཁག་གིས་རབ་མཛེས་མཚོ་སྔོན་སྐྱེ་ཁམས་རྟགས་མ་བརྗོད་དོན་དུ་བཟུང་ནས་ནོར་ལུག་གི་ཤ་དང་འོ་མའི་ཟས་རིགས།  མི་རིགས་ཀྱི་སྒྱུ་རྩལ་ཐོན་རྫས། ཁམས་གསོའི་བོད་སྨན་སོགས་ས་གནས་ཀྱི་ཐོན་རྫས་རིགས་ཀྱང་འགྲེམ་སྤེལ་བྱས་ཡོད་ལ།  འགྲེམ་སྤེལ་ཐོག་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གངས་ལྗོངས་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གིས་འོ་ལས་ཐོན་རྫས་རྣམས་ཨ་ལཱ་མོ་ཐོའུ་ཀྲུང་གོའི་ཐོན་རྫས་སྟེགས་བུར་གངས་ལྗོངས་གཅེས་ནོར་རྟགས་མའི་སྤྲི་ཆུར་དང་། སྤྲི་ཕྱེ།  འབྲི་ནག་འོ་ཕྱེ། འབྲི་ནག་མངར་ལྡན་འོ་ཕྱེ།  འབྲི་འོ་ནུས་སྦྱར་ཀ་ར་སོགས་ལྷད་མེད་བཅུད་ལྡན་གྱི་ཐོན་རྫས་བརྒྱད་ཙམ་འགྲེལ་སྤེལ་བྱས་པར་འཛམ་གླིང་ཉོ་འཚོང་གི་འཛད་སྤྱོད་པ་རྣམས་ཀྱིས་སྐབས་16པའི་ཧ་སག་ཁི་སི་ཐན་གྱི་འགྲེམ་སྤེལ་ཐོག་གངས་ལྗོངས་གཅེས་ནོར་གྱིས་མཚོ་བོད་མཐོ་སྒང་གི་ཐུན་མེད་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ་ལྷད་མེད་བཅུད་ལྡན་གྱི་འོ་མའི་ཐོན་རྫས་འདིར་རྒྱ་ཆེ་བའི་འཛད་སྤྱོད་པ་མང་བོའི་ཡིད་ཆེས་ཐོབ་སྟེ་རྨ་འབྲིའི་མགོ་ཁུངས། གངས་ལྗོངས་གཅེས་ནོར་ཞེས་གཟི་བརྗིད་ཀྱི་མཚན་སྙན་དང་བསྟོད་བསྔགས་ཐོབ།

  ཐེངས་འདིའི་འགྲེམ་སྤེལ་ཐོག་མཚོ་སྔོན་གྱི་རྒྱལ་སྤྱིའི་ཁེ་ལས་དར་སྤེལ་ལ་ཆེད་ལས་རང་བཞིན་གྱིས་ཚོང་ཟོག་བརྗེ་རེས་ཐད་ཀྱི་འབྲེལ་ལམ་བཙུགས་ཏེ། མཚོ་སྔོན་རྟགས་མའི་ཐོན་རྫས་ཕྱི་ཕྱོགས་སུ་ཤུགས་རྐྱེན་ཚད་མཐོ་བའི་ཚོང་ར་ཅན་དུ་བསྒྱུར། རྒྱལ་ཁབ་ཀྱི་༼རྒྱུད་གཅིག་ལམ་གཅིག་༽གི་སྲིད་ཇུས་འོག་ང་ཚོའི་ཁེ་ལས་ཕྱིར་སྐྱོད་ཉོ་འཚོང་ལ་སྟབས་བདེ་བཟོས་པ་མ་ཟད། ཀྲུང་གོའི་ལྷ་མེད་བཅུད་ལྡན་གྱི་ཐོན་རྫས་རྣམས་ཕྱིར་སྐྱོད་ཁྲོམ་རའི་བགྲོད་ལམ་ལ་གཞི་རྒྱ་ཆེ་བའི་གོ་སྐབས་བསྐྲུན་ཡོད། གངས་ལྗོངས་གཅེས་ནོར་ཚོགས་པས་རྒྱལ་ཁབ་ཀྱི་༼རྒྱུད་གཅིག་ལམ་གཅིག་༽གི་ཚོང་འགྲེལ་ལམ་ཐིག་གི་སྒྲིག་གཞིའི་འོག་མཚོ་སྔོན་གྱི་གངས་ལྗོངས་གཅེས་ནོར་རྟགས་མའི་ལྷད་མེད་བཅུད་ལྡན་གྱི་ཐོན་རྫས་འདི་ཉིད་གོ་ལ་ཧྲིལ་བོའི་ཚོང་རར་ཁྱབ་བརྡལ་དུ་གཏོང་རྒྱུའི་ཆོད་སེམས་རྙེད།

    ཉེ་བའི་ལོ་འདི་དག་གི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད། གངས་ལྗོངས་གཅེས་ནོར་གྱིས་ཐོག་མའི་སེམས་འདུན་ཡིད་ལ་བཅངས་ཏེ་བློ་སེམས་རྩེ་གཅིག་གིས་མཚོ་སྔོན་གྱི་ཁྱད་འཕགས་ཐོན་རྫས་དར་རྒྱས་སུ་གཏོང་བ་དང་། གངས་ལྗོངས་གཅེས་ནོར་རྟགས་མའི་ཚོང་ལམ་འཐབ་ཇུས་སྔར་ལས་རྒྱ་སྐྱེད། འབྱུང་འགྱུར་གྱི་དཔལ་ཡོན་བསྡུ་ལེན་ཐད་ལ་འབད་བརྩོན་དང་། རང་གི་འཛད་སྤྱོད་པའི་ཡིད་ཆེས་བསྣམས་ཏེ་སྤོབས་པ་ཆེན་པ་པོས་མདུན་སྐྱོད་བྱེད་མུར་ཡོད།

   མ་འོངས་པ་ན་གངས་ལྗོངས་གཅེས་ནོར་གྱིས་ལྷད་མེད་བཅུད་ལྡན་གྱི་སྲོལ་བཟུང་བླ་སྲོག་དང་། རྒྱལ་ཁབ་ཀྱི་ཚོང་ལམ་འཐབ་ཇུས་ལྟར་འཛད་སྤྱོད་པའི་ཡིད་ཆེས་གཙུགས་སུ་བཟུང་སྟེ།  སྔར་ལས་བདེ་ཐང་གི་ཐོན་རྫས་དང་ཚད་མཐོ་བའི་ཞབས་ཞུ་བྱེད་བཞིན་འཛམ་གླིང་གོ་ལ་ཧྲིལ་བོར་མཚོ་བོད་མཐོ་སྒང་ལ་ཡིད་ཆེས་དགའ་སྣང་ཡོད་དུ་འཇུག་དགོས།

ཧ་སག་ཁི་སི་ཐན་གླིང་ཁྱབ་ཁེ་ལས་དཔལ་འབྱོར་བརྗེ་རེས་མཉམ་ལས་ཚོགས་འདུའི་ཡུལ་དངོས།

གྲོང་ཁྱེར་ཨ་ལཱ་མོ་ཐོའུ་ནས་བསྡུས་པའི་སྐབས་བཅུ་དྲུག་པའི་ཧ་སག་ཁི་སི་ཐན་ཀྲུང་གོའི་ཚོང་རྫས་འགྲེམ་སྟོན་གྱི་མཛད་སྒོ།

གངས་ལྗོངས་གཅེས་ནོར་རྟགས་མའི་ཐོན་རྫས་ལ་རོལ་མྱོང་བྱེད་བཞིན་པའི་ཡུལ་དངོས།

གངས་ལྗོངས་གཅེས་ནོར་རྟགས་མའི་ཐོན་རྫས་ལ་རོལ་མྱོང་བྱེད་བཞིན་པའི་ཡུལ་དངོས།

ཧ་སག་ཁི་སི་ཐན་གྱི་གླིང་ཁྱབ་ཁེ་ལས་དཔལ་འབྱོར་བརྗེ་རེས་མཉམ་ལས་དང་༼རྒྱུད་གཅིག་ལམ་གཅིག་༽གི་ཁེ་ལས་ཕྱིར་སྐྱོད་ཉོ་འཚོང་གི་ཚོགས་ཞུགས་ལྷན་པར།

ཧ་སག་ཁི་སི་ཐན་ཨ་ལཱ་མོ་ཐོའུ་གྲོང་ཁྱེར་གྱི་ཁེ་ལས་ཚོང་གཉེར་བ།

ཧ་སག་ཁི་སི་ཐན་ཨ་ལཱ་མོ་ཐོའུ་གྲོང་ཁྱེར་གྱི་ཁེ་ལས་ཚོང་གཉེར་བ།

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ། ཐེབ་ཐོགས་ཕྲུག


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-06-05 ལྟ་ཀློག (5785)