རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་ཉེར་གཅིག་པའི་ཕྱོགས་གླང་རིགས་པའི་བརྒལ་བརྟག

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་ཉེར་གཅིག་པའི་ཕྱོགས་གླང་རིགས་པའི་བརྒལ་བརྟག

  གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་སློབ་མ་ཚོས་སློབ་སྦྱོང་གི་མཁའ་དབུགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་དམིགས་ནས་ཟླ་རེར་སྤེལ་བཞིན་པའི་<< ཕྱོགས་གླང་རིགས་པའི་བརྒལ་བརྟག་>>སྐབས་ཉེར་གཅིག་པ་སློབ་གྲྭའི་དབུ་ཁྲིད་དག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དེ་རིང་ཕྱི་དྲོར་རང་སློབ་གྲྭའི་དགྱེས་འཛོམས་ཚོམས་ཆེན་ཁང་ནས་འཚོགས་ཤིང་དགེ་སློབ་དྲུག་བརྒྱ་ལྷག་ཕེབས། རྒན་ཆོས་འབྱོར་གྱིས་མདོ་འཛིན་བྱས། སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཕྱོགས་གླང་རིགས་པའི་བརྒལ་བརྟག་དང་འབྲེལ་ནས་ཐོག་མའི་གཏམ་བཤད་གནང་། བརྒལ་བརྟག་སྟེང་དམའ་འབྲིང་རིམ་པའི་རིགས་སློང་བའི་རྩེར་སོན་བྱ་དགའ་མཚོ་བྱུང་ངག་རིག་འཛིན་གྲྭའི་དུང་དཀར་མཚོ་དང་། དམ་བཅའ་བའི་རྩེར་སོན་བྱ་དགའ་རྟོག་གེའི་སེང་ཁྱིམ་འཛིན་གྲྭའི་ཀུན་བཟང་མཁའ་འགྲོ། དམའ་འབྲིང་རིམ་པའི་འཛིན་གྲྭའི་ཨང་དང་བོ་མཚོ་བྱུང་ངག་རིག་འཛིན་གྲྭ་བཅས་ཡིན། སློབ་ཆུང་རིམ་པའི་རིགས་སློང་བའི་རྩེར་སོན་བྱ་དགའ་ལྷག་བསམ་པད་དཀར་འཛིན་གྲྭའི་པདྨ་དབྱངས་ཅན་དང་། དམ་བཅའ་བའི་རྩེར་སོན་བྱ་དགའ་ལྷག་བསམ་པད་དཀར་འཛིན་གྲྭའི་བསོད་ནམས་དར་སྐྱིད། སློབ་ཆུང་རིམ་པའི་འཛིན་གྲྭའི་ཨང་དང་བོ་ལྷག་བསམ་པད་དཀར་འཛིན་གྲྭ་བཅས་ཡིན། མཇུག་ཏུ་སློབ་གཙོ་གཞོན་པ་དཔའ་རིས་པ་འཇམ་དཔལ་རྣམ་འཇོམས་ལགས་ཀྱིས་ཚད་མ་རིག་པའི་དགེ་མཚན་གླེང་ཞིང་རྩོད་པའི་རིགས་ལམ་འདི་ལ་བྱང་ཆ་ཐོན་ན་དོན་དང་བྱ་བ་གང་ལ་སྐོར་ནའང་འཆར་སྒོ་མྱུར་ཞིང་སྤོབས་པ་ཆེ་བ། བརྡ་སྤྲོད་སོགས་ཀྱང་རྩོད་པའི་རིགས་ལམ་ནས་སྦྱངས་ན་གཞན་དང་མི་འདྲ་ཚུལ་དང་། ཚད་མ་རིག་པའི་རྩོད་པའི་རིགས་ལམ་འདི་རང་སློབ་གྲྭའི་དགེ་མཚན་ཆེ་ཤོས་ཀྱང་ཡིན། དེ་བས་མུ་མཐུད་དུ་སློབ་མ་ཚོས་སྔར་ལས་ལྷག་པའི་ཤུགས་རྒྱག་དགོས་ཞེས་གཏམ་བཤད་གནང་ཞིང་ཞར་དུ་ཚད་མའི་དགེ་རྒན་ཚོར་བསྟོད་བསྔགས་དང་གདེང་འཇོག་བྱས།  སློབ་བུ་ཚོའི་སྦྱངས་འབྲས་གཡུར་དུ་ཟ་ཞིང་རང་སློབ་གྲྭའི་རླུང་རྟ་འཛམ་གླིང་ཤར་ནུབ་ཀུན་ལ་ཁྱབ་པའི་སྨོན་འདུན་དང་བཅས་གསར་འགོད་པ་དཀར་མོ་ཡེ་ཤེས་ཀྱིས་སྤེལ།

སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

དམའ་འབྲིང་རིམ་པའི་དམ་བཅའ་བ།


བརྒལ་བརྟག་འགྲན་ཞུགས་པ་རྣམས།

སློབ་མས་རྟགས་གསལ་འཕེན་བཞིན་པ།

སློབ་གཙོ་གཞོན་པ་དཔའ་རིས་འཇམ་དཔལ་རྣམ་འཇོམས་ལགས་ཀྱིས་སྤྱི་སྡོམ་བྱེད་བཞིན་པ།

དགྱེས་འཛོམས་ཚོམས་ཆེན་ཁང་།

བྱ་འགུལ་བར་སྐབས་ཀྱི་ལང་ཚོའི་ཞབས་བྲོ།
གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ།  དཀར་མོ་ཡེ་ཤེས།  ༢༠༡༨.༥ .༣༠ཉིན།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-05-31 ལྟ་ཀློག (7809)