གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གིས་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་བསུས་པ།

མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་བཟོ་ཚོགས།

གསར་འགྱུར།


      ༢༠༡༨ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་བཟོ་ཚོགས་ཀྱིས་བཀོད་བསྒྲིགས་བྱས་ནས་རང་མཐུན་གཉེར་ཁང་གི་ལས་བཟོ་བ་ཆ་ཚང་གིས་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་རོལ་བ་ཡིན།

     སྔ་དྲོར་རང་བཟོ་གྲྭའི་ནང་དུ་མཐུན་གཉེར་ཁང་གི་བཟོ་དཔོན་དང་བཟོ་ཚོགས་ཀྱི་ཀྲུའུ་ཞི་སོགས་ཀྱིས་འགོ་འཛིན་བྱས་ཏེ་རིག་རྩལ་གྱི་རྣམ་གྲངས་ལ་ས་འགྱོགས་དང་ཐག་འཐེན། གླུ་ལེན། སྙན་ངག་གྱེར་འདོན།  ལག་རྩལ་སྤོ་ལོའི་འགྲན་སྡུར་སོགས་སྤེལ།  

དེ་མིན་བཟོ་གྲྭའི་དཔེ་ལེགས་ཅན་གྱི་ལས་བྱེད་མི་སྣར་བྱ་དགའི་རྟགས་མས་གཟེངས་བསྟོད་བྱས་ཏེ་ལས་བཟོ་བའི་དཔུང་ཁག་གི་ཡ་རབས་ཀུན་སྤྱོད་མཐོར་འདེགས་ལ་སྐུལ་མ་དང་ངལ་རྩོལ་དུས་ཆེན་གྱི་སྐབས་དང་བསྟུན་ཏེ་འཆར་ཅན་ལྟར་སྤྲོ་ཚོགས་བདེ་ལེགས་ངང་མཇུག་སྒྲིལ།

      ཐེངས་འདིའི་སྤྲོ་ཚོགས་ལས་རང་མཐུན་གཉེར་ཁང་གི་ལས་བཟོ་བ་གསར་རྙིང་བར་འབྲེལ་འདྲིས་ཇེ་ཟབ་དང་ཕན་ཚུན་རྩེད་མོར་ཞུགས་པས་མཐུན་གཉེར་ཁང་གི་ལས་བཟོ་བའི་མཐུན་སྒྲིལ་ལ་སྔར་ལས་ནུས་ཤུགས་མངོན་གསལ་ཐོབ་ཡོད།

འབྲེལ་ཡོད་པར་རིས་བདམས་བཀོད།








རང་མཐུན་གཉེར་ཁང་གི་སྡེ་ཁག་སོ་སོ།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2018-05-02 ལྟ་ཀློག (9549)